《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月27日

ཀོང་ཀྲོའུ་ཚོང་འདུས་སྐབས་128པ་ཟླ་10 པའི་ཟླ་སྨད་དུ་གཉེར་རྩིས་ཡོད་པ།

འདི་ག་ཚགས་པར་ཁང་དུ་ཀོང་ཀྲོའུ་ནས་གློག་འཕྲིན་འབྱོར་གསལ། ཉིན་10རིང་གི་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་འདུས(ཀོང་ཀྲོའུ་ཚོང་འདུས)དེ་སྤྲིན་ཚོམ་རྣམ་པའི་ཐོག་ནས་འཚོགས་ཏེ་གྲོལ་ཡོད། ད་རེས་ཀྱི་དྲ་ཐོག་ཀོང་ཀྲོའུ་ཚོང་འདུས་གྲོལ་རྗེས། ཀོང་ཀྲོའུ་ཚོང་འདུས་ཀྱི་དྲ་ཐོག་འགྲེམས་ཁང་གི་འགྲེམས་ཞུགས་ཚོང་པའི་ཐོན་རྫས་ཀྱི་ཆ་འཕྲིན་མུ་མཐུད་སོར་འཇོག་དང་འགྲེམས་སྟོན་བྱས་ཏེ“སྤྲིན་ཚོམ་ཚོང་འདུས་ཆེན་པོ”མུ་མཐུད་གཉེར་རྒྱུ་རེད།

གསར་འགོད་པས་ཀོང་ཀྲོའུ་ཚོང་འདུས་ནས་ཤེས་རྟོགས་བྱས་པ་ལྟར་ན། ཀོང་ཀྲོའུ་ཚོང་འདུས་སྐབས་128པ་ཟླ་10པའི་ཟླ་སྨད་དུ་གཉེར་རྩིས་ཡོད་པ་དང་། ཞིབ་ཕྲའི་གཉེར་སྟངས་ནི་སྐབས་དེ་དུས་འདིར་གོ་ལ་ཧྲིལ་པོའི་རིམས་ནད་ཀྱི་གནས་ཚུལ་དང་རྒྱལ་ནང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་གཞིར་བཟུང་གཏན་འཁེལ་བྱ་རྒྱུ་རེད།

ཀོང་ཀྲོའུ་ཚོང་འདུས་སྐབས་128པའི་ཕྱིར་གཏོང་འགྲེམས་སྟོན་གྱི་གཞི་ཁྱོན་དང་འགྲེམས་ཁུལ་བཀོད་སྒྲིག་ཐད་སྐབས་127པའི་རྣམ་པ་རྒྱུན་འཁྱོངས་བྱས་ནས་གཞི་རྩའི་ཆར་འགྱུར་བ་མེད་ཅིང་། ཐོན་རྫས་ཆེ་གྲས་རིགས་བཅུ་དྲུག་འགྲེམས་སྟོན་བྱ་རྒྱུ་ཡིན་པ་དེ་དག་ནི་གློག་རྡུལ་དང་། ཁྱིམ་ཆས། གློག་སྒྲོན། འཁོར་རིགས་དང་ལྷུ་ལག འཕྲུལ་ཆས། ལྕགས་རིགས་སྣ་ལྔའི་ཡོ་བྱད། བཟོ་སྐྲུན་རྒྱུ་ཆ། རྫས་འགྱུར་བཟོ་ལས་ཀྱི་ཐོན་རྫས། ནུས་རྒྱུ་གསར་པ། རྒྱུན་མཁོའི་འཛད་སྤྱོད་ཐོན་རྫས། ལག་རྟགས། མཛེས་རྒྱན་ཐོན་རྫས། འཁེལ་འཐག་གི་གྱོན་ཆས་དང་ལྷམ། གཞུང་དོན་སྒྲུབ་སྒྲུབ་པའི་སྒམ་ཁུག སྤྲོ་གསེང་མཁོ་ཆས། སྨན་དང་སྨན་བཅོས་འཕྲོད་སྦྱོར། བཟའ་བཅའ་བཅས་རེད།