《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月27日

ཨན་ཧུའེ་ཐུང་ལིང་དུ་མེ་ཏོག་པད་མའི་དྲི་ཞིམ་གང་སར་འཐུལ་བ།

ཉེ་བའི་ལོ་ཤས་རིང་། ཨན་ཧུའེ་ཞིང་ཆེན་ཐུང་ལིང་གྲོང་ཁྱེར་གྱིས་ཡུལ་བབ་དང་བསྟུན་ཏེ། ཞིང་ལས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ཧུར་ཐག་བྱེད་པ་དང་། སྣོད་བཅུད་ལྟ་སྐོར་ཞིང་ལས་དང་གྲོང་གསེབ་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་ཡུལ་སྐོར་གྱི་སྤུས་ཚད་མཐོ་རུ་གཏོང་བ། “སྤྲོ་གསེང་དང་། ཡུལ་སྐོར། མྱོང་རོལ”བཅས་གཞི་གཅིག་ཏུ་འདུས་པའི་གྲོང་གསེབ་ཀྱི་འཚོ་བ་གཏོད་པ་བཅས་བྱས་པས། རང་བྱུང་སྣོད་བཅུད་དང་ཡུལ་མི་འབབ་འཕར་ཕྱུག་འགྱུར་གྱི་གཅིག་རམ་གཅིག་འདེགས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་ལས་རྣམ་གསར་པ་ཞིག་ཆགས་ཡོད།

འདི་ནི་ཟླ་6ཚེས་24ཉིན་ཡུལ་སྐོར་བས་ཨན་ཧུའེ་ཞིང་ཆེན་ཐུང་ལིང་གྲོང་ཁྱེར་དབྱི་ཨན་ཆུས་ཤིས་ལན་གྲོང་རྡལ་ཀའོ་གྲོང་ཚོའི་མེ་ཏོག་པད་མའི་ལྡུམ་རའི་ནང་མེ་ཏོག་པད་མར་ལྟ་བཞིན་པ།