《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月27日

སློབ་གསོ་པུས་དུས་རབས་གསར་པའི་སློབ་གྲྭའི་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཏིང་ཟབ་སྤེལ་རྒྱུ་བཀོད་སྒྲིག་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། སློབ་གསོ་པུས་དུས་རབས་གསར་པའི་སློབ་གྲྭའི་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཏིང་ཟབ་སྤེལ་རྒྱུ་བཀོད་སྒྲིག་བྱེད་དགོས་པའི་བརྡ་ཐོ་བཀྲམ་ཞིང་། བརྡ་ཐོའི་ནང་བླང་བྱ་བཏོན་དོན། སློབ་གྲྭའི་ཁོར་ཡུག་འཕྲོད་བསྟེན་ལེགས་སུ་གཏོང་དགོས་ཤིང་། སློབ་གྲྭའི་སྤྱི་ཡོངས་ཀྱི་ཁོར་ཡུག་བཅོས་སྒྲིག་བྱེད་པ་དང་། སློབ་གྲྭའི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ། སློབ་གྲྭའི་འཐུང་ཆུའི་བདེ་འཇགས་འགན་ལེན་བྱེད་པ། ལག་པ་འཁྲུ་བའི་སྒྲིག་ཆས་མཁོ་འདོན་འདང་ངེས་བྱེད་པ། སྤྱི་པའི་ས་ཁོངས་གཙང་ཕྱག་དུག་སེལ་དང་ཁང་པའི་ནང་རླུང་འགྲོ་ཡག་པོ་ཡོང་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། སློབ་མའི་བདེ་ཐང་བྱང་ཚད་མཐོ་རུ་གཏོང་དགོས་ཤིང་། བདེ་ཐང་གི་འཚོ་བ་སྐྱེལ་རྒྱུ་དར་སྤེལ་བཏང་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་བཏོན་པའི་ལག་པ་ཡང་སེ་འཁྲུ་བ་དང་། རླུང་འགྲོ་ཡག་པོ་ཡོང་བ་བྱེད་པ། འདུ་འཛོམས་ཉུང་ཙམ་བྱེད་པ། ཚན་རིག་དང་མཐུན་པའི་ངང་ཁ་རས་རྒྱག་པ། མི་དང་མིའི་དབར་བར་ཐག་ངེས་ཅན་འཇོག་པ། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་པ་སོགས་ཀྱི་བདེ་ཐང་བྱ་སྤྱོད་དང་གོམས་གཤིས་རྒྱུན་འཁྱོངས་བྱེད་པ་དང་། ཁ་ལག་ལོགས་སུ་བཟའ་བ་དང་སྤྱི་སྤྱོད་ཐུར་མ་སྤྱོད་རྒྱུ་དར་སྤེལ་བཏང་སྟེ་ཡ་རབས་དང་། བདེ་ཐང་། ལྗང་མདོག་བཅས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འཚོ་བ་སྐྱེལ་སྟངས་ཤིག་འཇགས་པ་བྱེད་དགོས།