《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月12日

ཀྲུང་གོ་དང་ཧྥི་ལི་ཕིན་དབར་ཕྱི་འབྲེལ་བཙུགས་ནས་ལོ་45འཁོར་བར་རྟེན་འབྲེལ་ཞུ་བའི་དྲ་ཐོག་གི་རོལ་དབྱངས་འདུ་ཚོགས་བདེ་བླག་ངང་གཉེར་བ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མ་ནི་ལ་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཚེས་9ཉིན་གྱི་མཚན་མོར་ཧྥི་ལི་ཕིན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་ཧྥི་ལི་ཕིན་ཕྱི་འབྲེལ་པུའུ་ཡིས་དྲ་ཐོག་གི་རོལ་དབྱངས་འདུ་ཚོགས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་ཏེ་ཀྲུང་ཧྥི་དབར་ཕྱི་འབྲེལ་བཙུགས་ནས་ལོ་45འཁོར་བར་རྟེན་འབྲེལ་ཞུས་པ་རེད།

ཧྥི་ལི་ཕིན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཧོང་ཤིས་ལེན་གྱིས་རོལ་དབྱངས་འདུ་ཚོགས་ཐོག་ཤིས་ཚིག་སྒྲོན་སྐབས། ཁོང་གིས“དེ་རིང་ནི་ཀྲུང་གོ་དང་ཧྥི་ལི་ཕིན་དབར་ཕྱི་འབྲེལ་བཙུགས་ནས་ལོ་45འཁོར་བའི་ཉིན་མོ་རེད། ང་ཚོས་བར་སྟོངས་ཀྱི་འགོག་རྐྱེན་ཁྱད་བསད་བྱས་ཏེ་དྲ་ཐོག་རོལ་དབྱངས་འདུ་ཚོགས་ཀྱི་རྣམ་པ་གསར་རྐྱང་གི་ཐོག་ནས་གལ་ཆེའི་ཉིན་མོ་དེར་མཉམ་དུ་རྟེན་འབྲེལ་ཞུས་པ་དེ་ནི་དོན་སྙིང་ལྡན་པ་ཞིག་ཡོད”ཅེས་བརྗོད། ཡང་ཁོང་གིས་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་ཐུན་མོང་སྣེ་ཁྲིད་དང་རྒྱལ་ཁབ་གཉིས་པོའི་ལས་རིགས་ཁག་གི་མི་སྣའི་ཐུན་མོང་འབད་བརྩོན་འོག ཀྲུང་ཧྥིའི་འབྲེལ་བར་གསོན་ཤུགས་གསར་པ་འཕེལ་ཐུབ་ངེས་རེད་ལ་དེ་བས་ཡངས་ཤིང་རྒྱ་ཆེ་བའི་ལམ་བུའི་ཐོག་སྐྱོད་ཐུབ་ངེས་རེད་ཅེས་བརྗོད་པ་རེད།