《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月12日

སུའུ་ཏན་སྲིད་གཞུང་གིས་ཀྲུང་གོའི་རིམས་འགོག་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་ལ་ཐུགས་རྗེ་ཆེ་ཞུས་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁར་ཐུམ་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། སུའུ་ཏན་འཕྲོད་བསྟེན་ཛ་དྲག་ལས་དོན་གྱི་མཐོ་རིམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཤིས་ཏི་ཁེ·ཐ་ཝུར་གྱིས་ཚེས་9ཉིན་ཙུང་ཐུང་ལས་ཤག་ཏུ་སུའུ་ཏན་ལ་རོགས་སྐྱོར་བྱེད་མཁན་ཀྲུང་གོ་སྲིད་གཞུང་གི་རིམས་འགོག་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཁོངས་མི་ཡོངས་ལ་ཐུགས་རྗེ་ཆེ་ཞུ་བའི་མཛད་སྒོ་གཉེར་ནས་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་སུའུ་ཏན་གྱི་རིམས་འགོག་ལས་དོན་ལ་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད།

ཐ་ཝུར་གྱིས། སུའུ་ཏན་དུ་རིམས་ནད་ཐོན་ཚུན། ཀྲུང་གོ་ཕྱོགས་ཀྱིས་སུའུ་ཏན་ཕྱོགས་ལ་རྒྱབ་སྐྱོར་དང་རོགས་རམ་ཆེན་པོ་བྱས་ཡོད། འདས་པའི་གཟའ་འཁོར་གཉིས་རིང་། ཀྲུང་གོ་ཕྱོགས་ཀྱི་རིགས་གཅིག་མཁས་ཅན་ཚོགས་ཆུང་སུའུ་ཏན་ཕྱོགས་ཀྱི་འབྲེལ་ཡོད་སྨན་བཅོས་སྒྲིག་གཞིར་ཐེངས་མང་བསྐྱོད་ནས་སུའུ་ཏན་ཕྱོགས་ཀྱི་སྨན་དོན་མི་སྣ་དང་རིམས་འགོག་གི་ཉམས་མྱོང་མཉམ་སྤྱོད་བྱས་པ་དང་འབྲེལ་རྩ་ཆེའི་གྲོས་འགོ་འབོར་ཆེན་བཏོན་པ་དང་། འཐབ་ས་དང་པོར་བསྐྱོད་ནས་རིམས་འགོག་ལས་དོན་སྒྲུབ་པར་མཛུབ་ཁྲིད་བྱས་པས་སུའུ་ཏན་གྱི་མི་དམངས་ལ་བློ་གྲོས་དང་རེ་བ་སྦྱིན་པ་དང་། སུའུ་ཏན་མི་དམངས་ཀྱིས་ནམ་ཡང་བཀའ་དྲིན་དེ་སེམས་ལ་འཆང་ངེས་ཡིན་ཞེས་བརྗོད་པ་རེད།