《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月12日

ཀྲུང་གོའི་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་ཕ་ལེ་སི་ཐན་དུ་རིམས་འགོག་བྱེད་རོགས་བྱེད་པར་བསྐྱོད་པ།

⇒ ཕ་ལེ་སི་ཐན་སྲིད་གཞུང་གི་གདན་ཞུས་ལྟར། ཟླ་6ཚེས་10ཉིན་གྱི་སྔ་དྲོ། ཕ་ལེ་སི་ཐན་དུ་སྐྱོད་མཁན་ཀྲུང་གོ་སྲིད་གཞུང་གི་རིམས་འགོག་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་ཁྲུང་ཆིང་ནས་ཐོན་ཏེ་ཕ་ལེ་སི་ཐན་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་སྤེལ་བར་བསྐྱོད་པ་རེད། རིགས་གཅིག་མཁས་ཅན་ཚོགས་ཆུང་ནི་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་བཙུགས་པ་དང་། ཁྲུང་ཆིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་འདེམས་མངགས་བྱས་པ་ཞིག་རེད། འདི་ནི་ཟླ་6ཚེས་10ཉིན། ཁྲུའུ་ཆིང་ཅང་པེ་རྒྱལ་སྤྱིའི་གནམ་ཐང་དུ་ཕེབས་སྐྱེལ་ཞུ་བའི་མཛད་སྒོར་ཞུགས་པའི་ཁྲུང་ཆིང་གྲོང་ཁྱེར་གྱི་འདེམས་མངགས་རིགས་གཅིག་མཁས་ཅན་ཡིན་པ།