《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月08日

ལྟ་བ་འགྱུར་ཐེངས་གཅིག་ལ་མཚར་སྡུག་ བཀྲ་བའི་ལང་ཚོ་མངོན།

ཚེ་རིང་དབང་མོའི་ལས་ཞུགས་ཀྱི་སྐོར་བཀོད་པ།

ཚེ་རིང་དབང་མོ་ནི་བོད་ལྗོངས་གཉའ་ནང་རྫོང་སྨན་ཁ་སྨད་གྲོང་ཚོ་ནས་ཡིན་པའི་ཚད་ལྡན་གྱི“95ནང་སྐྱེས”ཤིག་ཡིན་ཞིང་། ཁོང་ནི་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་ཡུལ་སྐོར་དོ་དམ་ཆེད་ལས་ནས་ཐོན་པ་དང་། མིག་སྔར་ཧོ་པེ་ཧན་ཧྲི་ཝུའེ་བཟའ་བཅའ་ཚད་ཡོད་ཀུང་སིར་ལས་ཀ་བྱེད་བཞིན་ཡོད། དེ་ནི་ཁོང་ཕ་ཡུལ་ནས་ཁ་བྲལ་ཏེ་ཡུལ་སྐོར་དུ་སྐྱོད་པ་ཞིག་མིན་པར་ལས་ཀར་སྐྱོད་ཐེངས་དང་པོ་དེ་རེད།

རྙོག་འཛིང་ཆེ་བའི་ལས་ཞུགས་ཀྱི་དུས་བབ་མདུན་དུ་སློབ་གྲྭ་ཐོན་རྗེས་ཀྱི་ཚེ་རིང་དབང་མོར་མི་ཚེའི་དཀའ་ཚེགས་ཆེ་བའི་གདམ་ག་ཞིག་འཕྲད། ཁོང་ཅི་བྱ་གཏོལ་མེད་ཀྱི་གནས་སུ་གྱར་བའི་སྐབས་གཉའ་ལམ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཁྱིམ་གྱི་སྒོ་རྩར་སློབ་གྲྭ་ཆེ་མོ་བའི་ལས་ཞུཌ་ལས་གཏོད་ཀྱི་སྲིད་ཇུས་དྲིལ་བསྒྲགས་བྱེད་པར་ཡོང་།

ཚེ་རིང་དབང་མོས་གསར་འགོད་པར་ཁོང་གི་ཆ་སྒྲིག་རོགས་སྐྱོར་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་གཉའ་ལམ་རྫོང་ཨུད་ཀྱི་ཧྲུའུ་ཅི་དོན་གྲུབ་ཀྱིས་ཁོང་ལ་རྒྱལ་ཁབ་དང་། རང་སྐྱོང་ལྗོངས། གཞིས་རྩེ་གྲོང་ཁྱེར་བཅས་ཀྱིས་བཏོན་པའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཐད་ཀྱི་གཟིགས་སྐྱོང་སྲིད་ཇུས་དང་། ཁ་གསབ་རོགས་དངུལ། དེ་བཞིན་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱིས་མཁོ་འདོན་བྱས་པའི་ལས་ཞུགས་རོགས་སྐྱོར་གྱི་བྱེད་ཐབས་ངང་རྒྱུ་རིང་པོས་གསལ་འགྲེལ་ཞིབ་ཚགས་བྱས་ཏེ་ཁོང་གི་བསམ་བློར་བཅིངས་འགྲོལ་དང་ལྟ་བར་འགྱུར་ལྡོག་གཏོང་རྒྱུར་ཁྲིད་སྟོན་བྱས་པ་མ་ཟད་ལས་ཞུགས་ལས་གནས་མཐུན་སྦྱོར་བྱེད་རོགས་བྱས་བྱུང་ཞེས་བཤད།

ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ལས་དོན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་དེ་གནས་བབ་གལ་ཆེན་དུ་འཇོག་པ་དང་། གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་བཞིའི་ཧྲུའུ་ཅིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་ལ་དམ་འཛིན་བྱེད་པའི་ལམ་སྲོལ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཕྱོགས་ཁག་གི་སྟོབས་ཤུགས་མཐུན་སྦྱོར་ངང་གཅིག་སྡུད་བྱེད་པ། ཞབས་ཞུའི་ནང་དོན་དང་ཞབས་ཞུའི་བྱེད་ཐབས་རྒྱུན་ཆད་མེད་པར་གསར་གཏོད་བཅས་བྱས་པས་སློབ་གྲྭ་ཆེ་མོ་བའི་ལས་ཞུགས་ལས་གཏོད་ཀྱི་ཞབས་ཞུ་དེ་བས་དམིགས་སའི་རང་བཞིན་དང་། མ་འོངས་སྔོན་མཐོང་རང་བཞིན། ཚན་རིག་རང་བཞིན་བཅས་ལྡན་པར་གྱུར་ཡོད།

ཚེ་རིང་དབང་མོས“དོན་དངོས་ཐོག་ང་ཚོ་སློབ་ཐོན་སློབ་མས་ལས་ཞུགས་ཀྱི་ལྟ་བར་འགྱུར་ལྡོག་བཏང་ཚེ་ལས་ཞུགས་ཀྱི་ཐབས་ལམ་དངོས་འབྲེལ་རྒྱ་ཆེན་པོ་འདུག རྒྱ་ཆེའི་སློབ་གྲྭ་ཆེ་མོ་བས་བསམ་བློའི་རྡོག་ཁྲེས་ཕབ་སྟེ་སྔོན་ལ་ལས་ཞུགས་དང་རྗེས་སུ་ལས་འདེམས་བྱས་ནས་འདོད་བློ་དང་འཚམ་པའི་ལས་ཀ་ཞིག་སྔ་ཙམ་འཚོལ་ཐུབ་པའི་རེ་བ་ཡོད”ཅེས་བརྗོད།

ལས་ཞོར་དུ་ལོ་ན་ཆུང་ལ་སྤྱང་གྲུང་དོད་པའི་ཚེ་རིང་དབང་མོ་བཟོ་གྲྭའི་ནང་གི་སློབ་གྲོགས་དང་ཕ་ཡུལ་གཅིག་པ་ཚོ་དང་གང་མགྱོགས་འབྲེལ་འདྲིས་ཐུབ་པ་མ་ཟད་གྲོགས་པོ་གསར་པའང་བསྒྲིགས་པས“ཁྱིམ་ཚང་ཆེན་པོ”གསར་པ་དེའི་ནང་རིམ་བཞིན་མཉམ་འདྲེས་ཐུབ་ཡོད།

འབྱུང་འགྱུར་ལ་ཕྱོགས་སྐབས་ཚེ་རིང་དབང་མོས་ལས་ཀ་ཧུར་ཐག་བྱས་ཏེ་རོགས་སྐྱོར་བྱེད་མཁན་འགོ་ཁྲིད་དང་། ཕ་མ། དགེ་རྒན་བཅས་ཀྱི་ཡིད་ཆེས་དང་རེ་བ་ཆུད་ཟོས་སུ་མི་གཏོང་བར་རྒྱལ་ཁབ་དང་སྤྱི་ཚོགས་ལ་ཕན་ཐོགས་ཡོད་པའི་མི་ཞིག་ཆགས་པ་བྱ་རྒྱུ་ཡིན་ཞེས་བརྗོད།