《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月19日

མདོ་ལའི་འདབས་སུ་སོ་ནམ་ལས་ལ་བྲེལ།

དབྱར་འགོ་མའི་སྐབས། མདོ་ལའི་འདབས་ཀྱི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་རྒྱ་མདོ་ཧུད་རིགས་རང་སྐྱོང་རྫོང་གི་པད་ཞིང་དུ་རྨོ་འདེབས་ཀྱི་དུས་ཚིགས་ཤར་ཡོད། རྒྱ་མདོ་རྫོང་ནི་མདོ་ལའི་ལྷོ་རྒྱུད་དུ་གནས་ཁར་ས་བབ་མཐོ་བས་གྲང་རེག་བ་མོ་མེད་པའི་དུས་ཐུང་ཞིང་། ཡུལ་དེ་གར་གཙོ་བོ་པད་ཁ་དང་ནས་འདེབས་ཀྱི་ཡོད། ལོ་རེའི་ཟླ་7པ་དང་ཟླ་8པར་པད་ཁའི་མེ་ཏོག་རབ་ཏུ་བཞད་ནས་ཕྱོགས་མཚམས་མེད་པ་སེར་ཆེམ་ཆེམ་གྱི་མེ་ཏོག་གིས་བརྒྱན་པའི་ཡུལ་ལྗོངས་མཛེས་ལ་ཉམས་དགའ་བ་ཞིག་ཏུ་འགྱུར་གྱི་ཡོད།

འདི་ནི་ཟླ་5ཚེས་16ཉིན་མཚོ་སྔོན་ཞིང་ཆེན་གཙང་གསུམ་ཚོགས་པ་རྒྱ་མདོ་རྟ་གསེབ་ར་བའི་པད་ཞིང་དུ་ཧན་ཧྥུ་ཚའེ་ཡིས་སོན་འདེབས་འཕྲུལ་འཁོར་གྱི་འཁྲིས་སུ་ལངས་ནས་རྨོ་འདེབས་བྱེད་རྩིས་བྱེད་པ།