《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月19日

2020ལོའི་ཇོ་མོ་གླང་མའི་མཐོ་ཚད་འཇལ་མཁན་རི་འཛེག་རུ་ཁག་སླར་ཡང་ཇོ་མོ་ གླང་མར་འཛེག་འགོ་ཚུགས་པ།

ཤིན་ཧྭ་གསར་འགྱུར་ཁང་ཇོ་མོ་གླང་མའི་སྒར་ས་ཆེ་མོ་ནས་གློག་འཕྲིན་འབྱོར་གསལ། ཚེས་16ཉིན། 2020ལོའི་ཇོ་མོ་གླང་མའི་མཐོ་ཚད་འཇལ་མཁན་རི་འཛེག་རུ་ཁག་ས་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། ཚེས་16ཉིན་གྱི་ཆུ་ཚོད་14ལ་མཐོ་ཚད་འཇལ་མཁན་རི་འཛེག་རུ་ཁག་ས་བབ་མཐོ་ཚད་སྨི་5200ཟིན་པའི་ཇོ་མོ་གླང་མའི་སྒར་ས་ཆེ་མོ་ནས་རྡོག་ཐོན་བྱས་ཏེ་སླར་ཡང་ཇོ་མོ་གླང་མར་འཛེག་འགོ་ཚུགས་ཡོད།

རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་རི་འཛེག་ལུས་རྩལ་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཝང་ཡུང་ཧྥུང་གིས་གནམ་གཤིས་ཡག་པོ་བསྟན་ཚེ་མཐོ་ཚད་འཇལ་མཁན་རི་འཛེག་རུ་ཁག་ཚེས་22ཉིན་རི་རྩེར་འཛེག་ཐུབ་རྒྱུའི་རེ་བ་ཡོད་ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། ཇོ་མོ་གླང་མའི་རི་འཛེག་སྒར་ས་ཆེ་མོ་ནས་རྡོག་ཐོན་བྱས་རྗེས། སྤྱིར་གཟའ་འཁོར་གཅིག་ཙམ་གྱི་དུས་ཚོད་ནང་གཞི་ནས་རི་རྩེར་སླེབས་ཀྱི་ཡོད། དེའི་རིང་ས་བབ་མཐོ་ཚད་སྨི་5800དང་། 6500 7028 7790 8300བཅས་ཟིན་པའི་སྒར་ས་ལྔ་བརྒྱུད་དགོས་པ་དང་། རི་རྩེར་འཛེག་པའི་ཉིན་མོར་རི་འཛེག་པས་སྤྱིར་བཏང་བྱས་ན་ཐོ་རེངས་སུ་ས་བབ་མཐོ་ཚད་སྨི་8300ཟིན་པའི་འཕྲལ་རྒོལ་སྒར་ས་ནས་ཐོན་ཏེ། སྔ་དྲོ་གནམ་གཤིས་ཡག་པའི་སྐབས་རི་རྩེར་འཛེགས་རྗེས་མར་འབབ་རྒྱུ་ཡིན་པ་རེད།