《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月15日

སྨན་གཡོག་དུས་ཆེན་དགའ་གཏོང་བྱེད་པ།

ལོ་གཅིག་དུས་གཅིག་གི“5·12”རྒྱལ་སྤྱིའི་སྨན་གཡོག་དུས་ཆེན་རིང་ང་ཚོས་སྨན་གཡོག་ཚོར་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུ། ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན་བོད་ཀྱི་རྒྱ་ཆེའི་སྨན་གཡོག་ཚོས་བྱ་སྤྱོད་དངོས་ཐོག་ནས་འགན་འཁྲི་ལག་བསྟར་དང་ཉིན་མཚན་དབྱེར་མེད་ངང་ནད་པར་གཡོག་བྱེད་བྱེད་པའི་འཐབ་ས་དང་པོར་འབད་འཐབ་བྱས་ནས་བརྩེ་སེམས་ཟབ་མོས་ནད་སྐྱོང་དང་། བསམ་པའི་རྒྱབ་སྐྱོར། ལྷག་བསམ་ཟོལ་མེད་ཀྱི་ནད་སྐྱོང་བཅས་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་འགན་ལེན་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བ་རེད།

↑འདི་ནི་བོད་ལྗོངས་མི་རིགས་སློབ་ཆེན་ཞོར་གཏོགས་སྨན་ཁང་གི་སྨན་དོན་པས་སྨན་གཡོག་དུས་ཆེན་ཉིན་མཉམ་དུ་པར་རྒྱག་བཞིན་པ།

→ འདི་ནི་སྨན་གཡོག་དུས་ཆེན་ཉིན་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་སྨན་གཡོག་ཚོས་ལས་གནས་བརྟན་སྲུང་བྱེད་བཞིན་པ།