《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月15日

འཛམ་གླིང་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱིས་2020ལོའི་འགྲན་བསྡུར་གྱི་ཉིན་རེའི་གྲོས་རིམ་ཡོངས་བསྒྲགས་བྱས་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་13ཉིན་གློག་འཕྲིན་འབྱོར་གསལ། མོ་ན་ཁོ་ས་གནས་ཀྱི་དུས་ཚོད་ཟླ་5ཚེས་12ཉིན་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་་གཞུང་ཕྱོགས་ཀྱིས་2020ལོའི་འགྲན་བསྡུར་གྱི་དུས་ཚོད་ལེགས་སྒྲིག་བྱས་ནས་འགྲན་བསྡུར་གྱི་དུས་ཚོད་ཡོངས་བསྒྲགས་བྱས་པ་དེའི་ནང་ཝང་ཏ་ཕ་ལམ་གྱི་རིམ་མཚུངས་མཉམ་འགྲན་སོགས་ཚུད་པའི་གཙོ་གནད་ཡ་ཚེས་འགྲན་བསྡུར་འདི་ལོའི་ཟླ་8པ་ནས་ཟླ་10པ་བར་གཉེར་རྒྱུ་རེད། ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་གཏན་འཁེལ་མེད་པས་ཕ་ལམ་གྱི་རིམ་མཚུངས་མཉམ་འགྲན་རྩ་འཛུགས་ཕྱོགས་ཀྱིས་འདི་ལོའི་ཕ་ལམ་གྱི་རིམ་མཚུངས་མཉམ་འགྲན་ལ་ཆ་བསགས་ཀྱི་ཨང་རིམ་བཀོད་སྒྲིག་མི་བྱེད་པའི་ཁྱབ་བསྒྲགས་བྱས་པ་དང་། དེར་བརྟེན་རྣམ་གྲངས་ཁག་ལ་ཡང་ཨང་དང་པོ་ཡོད་མི་སྲིད་ལ་སུའེ་ཙེར་གྱི་གྲོང་ཁྱེར་སུའུ་ལི་ཧྲེར་གཉེར་རྒྱུ་གཏན་འཁེལ་བའི་སྤྱིའི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ཡང་གཉེར་རྒྱུ་མིན་པ་རེད། (བསོད་ནམས་དཔའ་མོས་བསྒྱུར། བདེ་སྒྲོལ་གྱིས་ཞུས)