《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月15日

ཀྲུང་གོ་དང་ཅ་ལི་པིའི་ས་ཁུལ་གྱི་ཕྱི་འབྲེལ་བཙུགས་པའི་རྒྱལ་ཁབ་ཀྱིས།

ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཕྱི་འབྲེལ་པུའུ་ཀྲང་གཞོན་པ་རིམ་པའི་དམིགས་བསལ་ཚོགས་འདུ་འཚོགས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན། ཀྲུང་གོ་དང་ཅ་ལི་པིའི་ས་ཁུལ་གྱི་ཕྱི་འབྲེལ་བཙུགས་པའི་རྒྱལ་ཁབ་ཀྱིས་བརྙན་ལམ་ཐོག་ནས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཕྱི་འབྲེལ་པུའུ་ཀྲང་གཞོན་པ་རིམ་པའི་དམིགས་བསལ་ཚོགས་འདུ་འཚོགས་ཏེ། ཀྲུང་གོ་དང་། ཨན་་་སོགས་ཅ་ལི་པིའི་ས་ཁུལ་གྱི་རྒྱལ་ཁབ་9ཡི་འཐུས་མི་ཚོགས་འདུར་ཞུགས་པ་རེད། ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་ཀྲེང་ཙེ་ཀོང་དང་་་་ཁན་གྱི་ཕྱི་འབྲེལ་པུའུ་ཀྲང་ཏ་ལུས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ་་་ཁན་གྱི་ཙུང་ལི་སི་ཁའེ་ལི་ཐེ་ཚོགས་འདུར་ཕེབས་པ་དང་འབྲེལ། ཤིས་ཚིག་ཀྱང་གནང་བ་རེད།

ཀྲེང་ཙེ་ཀོང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་སྐུ་ངོ་མའི་བཀོད་འདོམས་དང་བཀོད་སྒྲིག་འོག ཀྲུང་གོའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་འཐབ་ཇུས་ཀྱི་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ཀྲུང་གོ་དང་ཅ་ལི་པིའི་ས་ཁུལ་གྱི་མཛའ་གྲོགས་འབྲེལ་བ་ཡུན་རིང་བ་དང་རིམས་ནད་འགོག་རིང་ཕན་ཚུན་རྒྱབ་སྐྱོར་བྱེད་རེས་ཀྱང་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཅ་ལི་པི་ས་ཁུལ་ལ་ནུས་པས་ལྕོགས་ཚོད་ཀྱིས་མུ་མཐུད་རོགས་རམ་བྱས་ཏེ་དངོས་སྒྲུབ་མཉམ་ལས་བྱེད་ཤུགས་ཆེ་རུ་ཧུར་ཐག་གཏོང་འདོད་ཡོད་ཅེས་བརྗོད།

ཅ་ལི་པི་ས་ཁུལ་ཕྱོགས་ཀྱིས་ཀྲུང་གོས་རིམས་ནད་འགོག་པར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཀྲུང་གོ་ཕྱོགས་དང་འབྲེལ་བ་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་དང་ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱས་ནས་རིམས་ནད་ཆབ་སྲིད་ཅན་དང་། མིང་ཆད་ངན་པ་ཅན། ཕྱི་ཚུལ་ཅན་བཅས་སུ་སྒྱུར་བར་ངོ་རྒོལ་དང་རྒྱལ་སྤྱིའི་རིམས་འགོག་ཁྲོད་ཀྱི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འགོ་ཁྲིད་ཀྱི་ནུས་པར་རྒྱབ་སྐྱོར་བྱས་ཏེ། ཕྱོགས་མང་རིང་ལུགས་མཐའ་འཁྱོངས་ཀྱིས་རྒྱལ་སྤྱིའི་རྩ་འཛུགས་ཁྲོད་ཀྱི་ཀྲུང་གོ་དང་ཅ་ལི་པི་ས་ཁུལ་དབར་གྱི་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་གི་ཡིན་ཞེས་བརྗོད།

ཚོགས་འདུ་གྲོལ་རྗེས་མཉམ་འབྲེལ་གསར་འགྱུར་གྱི་སྤྱི་བསྒྲགས་སྤེལ་བ་རེད།

(ཚེ་དབང་ལྷ་མོས་བསྒྱུར། པ་སངས་ཚེ་རིང་གིས་ཞུས)