《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月11日

དབྱི་སི་རལ་གྱིས་ཏོག་དབྱིབས་ནད་དུག་གསར་པའི་ནད་འགོག་སྨན་རྫས་ཞིབ་བཟོར་གྲུབ་འབྲས་ཐོབ་ཡོད་ཅེས་བརྗོད་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཅེ་རུས་ས་ལེམ་ནས་གློག་འཕྲིན་འབྱོར་གསལ། དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་ནཱ་ཧྥུའུ་ཐ་ལེ·པེ་ནཱ་ཐེས་ཚེས་5ཉིན་གསལ་བསྒྲགས་སྤེལ་བའི་ནང་དབྱི་སི་རལ་གྱི་སྐྱེ་དངོས་ཞིབ་འཇུག་སུའོ་ཡིས་ཏོག་དབྱིབས་ནད་དུག་གསར་པའི་ནད་འགོག་སྨན་རྫས་ཞིབ་བཟོར་གྲུབ་འབྲས་ཐོབ་ཡོད་ཅེས་བརྗོད་པ་རེད།

གསལ་བསྒྲགས་དེའི་ནང་ཞིབ་འཇུག་ཁང་དེས་ཞིབ་བཟོ་བྱས་པའི་ནད་འགོག་སྨན་རྫས་དེ་ཕྲ་ཕུང་རྐྱང་མའི་ནད་འགོག་སྨན་རྫས་ཡིན་པ་དང་ཆེད་མངགས་ཏོག་དབྱིབས་ནད་དུག་གསར་པར་ཁ་གཏད་གཅོག་ཆེད་བཟོས་པ་ཡིན་ཞེས་བརྗོད་པ་དང་ཞིབ་འཇུག་སུའོ་དེས་མིག་སྔར་ཁེ་བེད་བདག་ཐོབ་ཐོ་འགོད་ཀྱི་ལས་དོན་སྤེལ་བཞིན་ཡོད་པ་དང་གོམ་སྟབས་རྗེས་མར་རྒྱལ་སྤྱིའི་སྨན་རྫས་ཀུང་སི་དང་མཉམ་ལས་བྱས་ཏེ་ནད་འགོག་གི་སྨན་ཚོང་ལས་ཅན་གྱི་ཐོན་སྐྱེད་བྱ་རྒྱུ་ཡིན་པ་རེད།