《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月11日

ནུས་རྒྱུ་གཙང་མ་ཕྱིར་གཏོང་ཆེད་སྤྱོད་ཀྱི་གློག་ཆེན་གློག་འདྲེན་ལས་གྲྭ་གོ་རིམ་ལྡན་པའི་ངང་འཛུགས་སྐྲུན་བྱེད་པ།

རྒྱལ་ཁབ་ཀྱི་གཙོ་གནད་ལས་གྲྭ་ཡིན་པའི་མཚོ་སྔོན་ནས་ཧོ་ནན་བར་གྱི་ཆན་ཧྥུའུ±800ཡི་ཆེས་གློག་ཆེན་གཏད་རྒྱུག་གློག་འདྲེན་ལས་གྲྭ་ཧྲའན་ཤིས་དུམ་བུ་5པ་ཟླ་2ཚེས་25ཉིན་ལས་འགོ་བསྐྱར་འཛུགས་བྱས་ཚུན། རྨང་གཞིའི་ལུགས་རྒྱག་ལེགས་གྲུབ་བྱེད་ཚད་100%དང་། ལྕགས་སྒྲོམ་སྒྲིག་ཚད་92% གློག་སྐྲུད་འཁྲིད་ཚད་52%བཅས་ཟིན་ཡོད། མཚོ་སྔོན་ནས་ཧོ་ནན་བར་གྱི་ཆན་ཧྥུའུ±800ཡི་གློག་ཆེན་གཏད་རྒྱུག་གློག་འདྲེན་ལས་གྲྭ་ནི་རང་རྒྱལ་གྱི་ནུས་རྒྱུ་གཙང་མ་ཕྱིར་འདྲེན་བར་ཆེད་མངགས་སྐྲུན་པའི་གློག་ཆེན་གྱི་གློག་ལམ་ཐོག་མ་དེ་རེད་ལ། འདི་ལོ་ལེགས་གྲུབ་ཟིན་ནས་སྤྱོད་རྒྱུ་ཡིན་པས་སྐབས་དེར་ལོ་ལྟར་ཧོ་ནན་དུ་ནུས་རྒྱུ་གཙང་མའི་གློག་ཤུགས་ཆུ་ཚོད་ཆན་ཝ་དུང་ཕྱུར་400གཏོང་རྒྱུ་ཡིན་ཞིང་། འདི་ནི་ཟླ་5ཚེས་8ཉིན་རྒྱལ་ཁབ་གློག་དྲ་སི་ཁྲོན་གློག་ཤུགས་གློག་སྐྱེལ་གློག་སྒྱུར་འཛུགས་སྐྲུན་ཚད་ཡོད་ཀུང་སིའི་ལས་མིས་ཆིན་ལིན་དབུས་རྒྱུད་ཀྱི་ཀྲེན་ཨན་རྫོང་དུམ་བུར་གློག་ཆས་སྒྲིག་སྦྱོར་བྱེད་བཞིན་པ།