《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月11日

ཟླ་4པའི་ཟླ་མཇུག་བར་ས་གནས་སྲིད་གཞུང་གི་བུན་འཛིན་འགྲེམས་ཚད་སྒོར་དུང་ཕྱུར་ཁྲི་1.9ཟིན་པ།

དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ཀྱི་ནུས་པ་དེ་བས་ཆེ་བ་འདོན་རྒྱུར་སྐུལ་འདེད་བཏང་བ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ནོར་སྲིད་པུས་གོང་ཚེས་ཉིན་འདི་ལོ་ཚུན་གྱི་ས་གནས་སྲིད་གཞུང་གི་བུན་འཛིན(གཤམ་དུ་ས་གནས་བུན་འཛིན་ཞེས་བསྡུ་རྒྱུ)འགྲེམས་སྤེལ་བྱས་ཚུལ་ཡོངས་བསྒྲགས་བྱས་ཤིང་། ཟླ་4པའི་ཟླ་མཇུག་བར་2020ལོར་འགྲེམས་སྤེལ་བྱས་པའི་ས་གནས་བུན་འཛིན་སྒོར་དུང་ཕྱུར་18973ཟིན་པའི་ཁྲོད་གསར་འཕར་བུན་འཛིན་སྒོར་དུང་ཕྱུར་16626དང་མ་དངུལ་བསྐྱར་བསྡུའི་བུན་འཛིན་སྒོར་དུང་ཕྱུར་2347ཟིན་པ་རེད།

རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ཏེ་ཞིང་ཆེན་མང་པོ་ཞིག་གིས་ས་གནས་ས་ཐོག་ཏུ་བུན་འཛིན་འགྲེམས་སྤེལ་བྱེད་པར་མི་སྣ་བཀོད་སྒྲིག་བྱེད་ཐབས་བྲལ་ཡོད། མི་སྣའི་འགྲུལ་བཞུད་ཉུང་དུ་གཏོང་བ་དང་མི་ཕན་ཚུན་རིམས་ནད་མི་འགོ་བ་བྱ་ཆེད། ནོར་སྲིད་པུས་པེ་ཅིང་གི་ཚབ་སྒྲུབ་ས་ཁུལ་དུ་བཀོལ་སྤྱོད་བྱས་པས་རིམས་ནད་ཐོན་རིང་ས་གནས་ཀྱིས་བུན་འཛིན་འགྲེམས་སྤེལ་བྱེད་ཐབས་བྲལ་བའི་དཀའ་གནད་ཐག་གཅོད་ཐུབ་པ་དང་ས་གནས་ཀྱི་བུན་འཛིན་འགྲེམས་སྤེལ་གྱི་མྱུར་ཚད་འགན་ལེན་ཐུབ་ཡོད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་དང་ཁྲིམས་བཞིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་ཐོ་འགོད་སྙན་སེང་བྱས་པ་བརྒྱུད། ནོར་སྲིད་པུས་ཟླ་4པའི་ཟླ་མཇུག་ཏུ་2020ལོའི་ཁག་གསུམ་པའི་ས་གནས་སྲིད་གཞུང་གི་གསར་འཕར་ཆེད་དོན་བུན་འཛིན་གྱི་བཅད་འབོར་སྒོར་དུང་ཕྱུར་ཁྲི་1སྔ་སྣུར་དུ་བཏང་སྟེ་ས་གནས་ཁག་གིས་འགྲེམས་སྤེལ་གྱི་གྲ་སྒྲིག་ལས་དོན་སྤེལ་འགོ་ཚུགས་པ་རེད། གོམ་སྟབས་རྗེས་མར་ནོར་སྲིད་པུས་ས་གནས་སྲིད་གཞུང་གི་ཆེད་དོན་བུན་འཛིན་འགྲེམས་སྤེལ་དང་བེད་སྤྱོད་མགྱོགས་སུ་གཏོང་བའི་སྐོར་གྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དང་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་ས་གནས་ཀྱི་བུན་འཛིན་བརྟན་པོ་དང་བདེ་བླག་ངང་འགྲེམས་སྤེལ་བྱེད་པར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་པ་དང་། ས་གནས་བུན་འཛིན་གྱི“བརྟན་པོ་དྲུག”དང“འགན་ལེན་དྲུག”གི་འགག་རྩའི་ནུས་པ་འདོན་སྤེལ་བྱེད་པ། དགེ་མཚན་ལྡན་པའི་ནོར་སྲིད་ཀྱི་ནུས་པ་དེ་བས་ཆེ་བ་འདོན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་ལེགས་སྒྲུབ་ཧུར་ཐག་བྱ་རྒྱུ་ཡིན་པ་རེད།