《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月11日

བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་བདེ་ཐང་ལུས་གསོའི་ཡུལ་སྐོར་དང་ལྗང་མདོག་ཡུལ་སྐོར་གྱི་དཔེ་སྟོན་རྟེན་གཞིའི་ཚོད་ལྟའི་ས་ཚིགས་ཀྱི་མིང་ཐོ་ཁག་དང་པོ་ཡོངས་བསྒྲཌ་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་5ཚེས་8ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། བོད་ཀྱི་རང་སྐྱོང་ལྗོངས་རིམ་པའི་བདེ་ཐང་ལུས་གསོའི་ཡུལ་སྐོར་དཔེ་སྟོན་རྟེན་གཞི་དང་རང་སྐྱོང་ལྗོངས་རིམ་པའི་ལྗང་མདོག་ཡུལ་སྐོར་དཔེ་སྟོན་རྟེན་གཞིའི་ཚོད་ལྟའི་ས་ཚིགས་ཀྱི་མིང་ཐོ་ཁག་དང་པོ་ཉེ་ཆར་དངོས་སུ་བཏོན་པ་རེད། བྱེད་ཐབས་དེས་བོད་ཀྱི་ཡུལ་སྐོར་གྱི་ལས་རྣམ་གསར་པ་དང་བྱ་ཐབས་གསར་པ་འཕེལ་རྒྱས་གཏོང་རྒྱུར་ཕན་པ་ཐོབ་ནས་ས་མཐོའི་བདེ་ཐང་ལུས་གསོ་དང་ལྗང་མདོག་ཐོན་ལས་འཕེལ་རྒྱས་ལ་ཚད་བརྒལ་གསར་པ་ཡོང་རྒྱུ་རེད། (པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད)

ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་རང་སྐྱོང་ལྗོངས་རིམ་པའི་བདེ་ཐང་ལུས་གསོའི་ཡུལ་སྐོར་དང་ལྗང་མདོག་ཡུལ་སྐོར་གྱི་དཔེ་སྟོན་རྟེན་གཞི་ཁག་དང་པོ་འཛུགས་གཏོད་བྱ་རྒྱུ་དེ་ལྷ་ས་གྲོང་ཁྱེར་དང་ཉིང་ཁྲི་གྲོང་ཁྱེར་དུ་ཚོད་ལྟ་གཙོ་བོར་བྱ་རྒྱུ་རེད། ཁག་དང་པོའི་རང་སྐྱོང་ལྗོངས་རིམ་པའི་བདེ་ཐང་ལུས་གསོའི་ཡུལ་སྐོར་གྱི་དཔེ་སྟོན་རྟེན་གཞིའི་ཚོད་ལྟ་བྱ་ཡུལ་གསུམ་ནི་ལྷ་ས་གྲོང་ཁྱེར་གྱི“གྲོང་གསེབ་མཛེས་ཤོས”སྟག་གདོང་གྲོང་ཚོ་དང་། ཡངས་པ་ཅན་དགུང་སྔོན་དག་ཞིང་། བདུད་རྩི་ཆུ་མིག་གི་སྨན་ལུམས་བཅས་ཡིན་པ་དང་། རང་སྐྱོངལྗོངས་རིམ་པའི་ལྗང་མདོག་ཡུལ་སྐོར་གྱི་དཔེ་སྟོན་རྟེན་གཞིའི་ཚོད་ལྟ་བྱ་ཡུལ་གསུམ་ནི་མེ་ཏོག་སྣོད་བཅུད་ཡུལ་སྐོར་ཁུལ་དང་། ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུ་། སྤོ་བོ་སྒང་ཐང་ཤིང་ནགས་ཚལ་ཡུལ་སྐོར་ཁུལ(རྒུ་ཤང་གི་མཚེའུ་ཚུད)བཅས་རེད།