《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月01日

མཚོ་སྔོན་གྱི་བུ་བཅོལ་ཁང་ཟླ་5ཚེས་15ཉིན་ནས་སློབ་འགོ་ཚུགས་རྒྱུ་ཡིན་པ།

ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་4ཚེས་29ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཚེས་29ཉིན་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐག་གཅོད་ལས་དོན་གྱི་མཚོ་སྔོན་ཞིང་ཆེན་གྱི་གསར་འགྱུར་ངས་བསྒྲགས་ཚོགས་འདུ་ཐེངས་16པའི་ཐོག་ནས་ཤེས་རྟོགས་བྱས་པ་ལྟར་ན། རྩ་དོན་ལྟར་ན་མཚོ་སྔོན་ཞིང་ཆེན་གྱི་བུ་བཅོལ་ཁང་ཟླ་5ཚེས་15ཉིན་ནས་བཟུང་འབྲོག་ཁུལ་དང་། ཞིང་ཁུལ། གྲོང་རྡལ། གྲོང་ཁྱེར་བཅས་རིམ་པ་བཞིན“རྫོང་རེར་སྲིད་ཇུས་རེ་དང་བུ་བཅོལ་ཁང་རེར་གཏན་འབེབས་རེ”ལྟར་སློབ་འགོ་ཚུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། བུ་བཅོལ་ཁང་སློབ་འགོ་ཚུགས་པའི་ལས་དོན་ལ་དམིགས་ཏེ་མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་དང་། རྫོང་། བུ་བཅོལ་ཁང་གི་ཁྲིམས་མི། ཕྲུ་གུའི་ཁྱིམ་བདག་བཅས་རིམ་པ་བཞི་ཚད་ལྡན་དུ་གཏོང་རྒྱུ་དང་། ཞིང་ཆེན་རིམ་པས་འགོ་ཚུགས་དུས་ཚོད་དང་། འབྲེལ་ཡོད་སྒྲིག་སྲོལ། སྔོན་འགོག་དང་ཚོད་འཛིན་གྱི་ཕྱོགས་སྟོན་བཅས་ཁ་གསལ་བཟོས་ཏེ་བུ་བཅོལ་ཁང་ལ་སྣེ་ཁྲིད་ཀྱིས་རྒྱལ་ཁབ་དང་མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་སྔོན་འགོག་དང་ཚོད་འཛིན་གྱི་ཕྱོགས་སྟོན་དང་ཇུས་གཞི་ལྟར་དུས་འགོའི་གྲ་སྒྲིག་བྱེད་པ་དང་། རང་བརྟེན་འདུན་ཞུ་དང་། རྫོང་རིམ་པའི་ཚོད་སྐོར། གྲོང་ཁྱེར་རིམ་པའི་ཐོ་འགོད་སྙན་སེང་ཆོག་མཆན་བཅས་ཀྱི་གོ་རིམ་སྤྱད་ནས་ཆ་རྐྱེན་ཡོངས་སུ་མཐུན་རིམ་བཞིན་བུ་བཅོལ་ཁང་རེ་སློབ་འགོ་ཚུགས་རྒྱུ་དང་། ཞིབ་ཕྲའི་དུས་ཚོད་དང་ལས་ཀའི་འཕེལ་རིམ་ཐད་བཙན་ཤེད་རང་བཞིན་གྱི་བླང་བྱ་དང་དཔྱད་ཞིབ་མི་བྱེད་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།

མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་གི་ཐིང་ཀྲང་གཞོན་པ་མཱ་ཅ་པིན་གྱིས། རྫོང་རིམ་པའི་སྲིད་གཞུང་གིས་རྫོང་ཁོངས་སྡེ་ཚན་དུ་བྱས་ནས་ས་ཁུལ་དང་རིམ་པ་དབྱེ་ཁར་ཁྱད་པར་ཅན་གྱི་སྔོན་འགོག་དང་ཚོད་འཛིན་ཐབས་ཇུས་ཀྱི་ཞིབ་ཕྲའི་བླང་བྱ་གཏན་ལ་ཕབ་ནས་བུ་བཅོལ་ཁང་སློབ་འགོ་ཚུགས་པའི་ལས་དོན་གྱི་བྱེད་པོའི་འགན་འཁྲི་ལག་བསྟར་བྱེད་པ་མ་ཟད། ཁྱིམ་ཚང་དང་། ཁྲོམ་གཞུང་། སྨན་བཅོས་སྒྲིག་གཞི་བཅས་དང་བུ་བཅོལ་ཁང་བར་གྱི་མཉམ་དུ་སྔོན་འགོག་དང་ཚོད་འཛིན་གྱི་ལམ་སྲོལ་བཟོ་བ་དང་དོན་འཁྱོལ་བྱེད་དགོས་པ་དང་། བུ་བཅོལ་ཁང་གི་ཁྲིམས་མིས་ས་གནས་རང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ཁག་ལག་བསྟར་ནན་པོ་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཁས་ལེན་ཡི་གེ་འཇོག་པའི་སྔོན་ཚུད་གོ་རིམ་དོན་འཁྱོལ་བྱས་ཏེ་བུ་བཅོལ་ཁང་ལ“གཅིག་གཏད་གཅིག་དང་གཅིག་གཏད་མང་བའི”མི་དང་དུད་ཁྱིམ་རེ་རེ་བཞིན་འབྲེལ་གཏུག་དང་སེམས་ཁུར་བྱེད་པའི་བྱེད་ཐབས་སྤྱོད་དགོས། བུ་བཅོལ་ཁང་སློབ་འགོ་ཚུགས་རྗེས་ས་གནས་རང་གི་སྲིད་གཞུང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ལག་བསྟར་མ་བྱས་པའི་རྐྱེན་གྱིས་མཇུག་འབྲས་ཚབས་ཆེན་ཐོན་རིགས་ལ། བཅའ་ཁྲིམས་ཀྱི་འགན་འཁྲི་རྩད་གཅོད་ནན་པོ་བྱ་རྒྱུ་རེད་ཅེས་བརྗོད་པ་རེད།