《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月01日

བོད་ལྗོངས་གོང་དཀར་རྫོང་དུ་དབུལ་སྒྲོལ་གྱི་རྩལ་ནུས་འགྲན་བསྡུར་བྱས་པ།

ཉིན་ཤས་གོང་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་གིས“ཁྱིམ་སྡོད་རིམས་འགོག་བྱེད་ཞོར་དུ་རྩལ་ནུས་སྦྱོང་། ལག་ཤེས་ལ་བརྟེན་ནས་དབུལ་སྒྲོལ་འབྱོར་འབྲིང་ཕྱོགས་སུ་སྐྱོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ངལ་རྩོལ་རྩལ་ནུས་ཀྱི་འགྲན་བསྡུར་ཆེ་མོ་བྱས་པ་རེད། ཞིང་འབྲོག་བདམས་ཐོན་པ་21གིས་རྣམ་རྒྱལ་ཞོལ་ཤང་རྣམ་རྒྱལ་ཞོལ་གྲོང་ཚོའི་ཨུཏྤལ་བཀྲ་གླིང་སྣམ་བུ་བཟོ་གྲྭར་སྤུན་དཀྲི་བ་དང་། སྤུན་འཁེལ་བ། པང་གདན་འཐག་རྩལ་བཅས་ཀྱི་རྩལ་ནུས་འགྲན་བསྡུར་བྱས་པ་རེད།

པང་གདན་འཐག་རྩལ་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་ཚུད་པའི་སྲོལ་རྒྱུན་གྱི་ལག་ཤེས་ཤིག་ཡིན་ལ། བོད་ཀྱི་ཞིང་འབྲོག་པས་ཁྱིམ་དུ་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱེད་པའི་ཐབས་ལམ་གལ་ཆེན་གྱི་གྲས་ཤིག་ཀྱང་ཡིན།

འདི་ནི་ཟླ་4ཚེས་28ཉིན་གོང་དཀར་རྫོང་གི་ངལ་རྩོལ་རྩལ་ནུས་འགྲན་བསྡུར་ཆེ་མོའི་སྐབས་ཤན་འབྱེད་པས་འགྲན་ཞུགས་བདམས་ཐོན་པའི་ཐོན་རྫས་ཀྱི་སྤུས་ཀར་བརྟག་དཔྱད་བྱེད་བཞིན་པ།