《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月01日

ཀྲུང་གོས་སི་རི་ལན་ཁར་རིམས་འགོག་དངོས་ཟོག་ཁག་གཉིས་པ་རྩིས་སྤྲད་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁོ་ལོན་པོ་ནས་གློག་འཕྲིན་འབྱོར་གསལ། ཚེས་27ཉིན། ཀྲུང་གོ་སྲིད་གཞུང་གིས་སི་རི་ལན་ཁར་རོགས་སྐྱོར་བྱས་པའི་རིམས་འགོག་དངོས་ཟོག་ཁག་གཉིས་པ་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་སི་རི་ལན་ཁའི་འཕྲོད་བསྟེན་པུའུ་རུ་འཚོགས་པ་རེད།

སི་རི་ལན་ཁར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་གནས་སྐབས་ཚབ་སྒྲུབ་པ་ཧུའུ་ཝུའེ་ཡིས་ཀྲུང་གོའི་ཚབ་ཞུས་ཏེ། སི་རི་ལན་ཁ་འཕྲོད་བསྟེན་པུའི་པུའུ་ཀྲང་དབན་ཉི་ཡ་ལ་ཆིར་དངོས་ཟོག་གི་གསལ་ཐོ་རྩིས་སྤྲད་པ་རེད། རོགས་སྐྱོར་དངོས་ཟོག་གི་གྲས་སུ་བརྟག་དཔྱད་ཚོད་ལྟའི་སྨན་རྫས་དང་། ཁ་རས། འགོག་སྲུང་གྱོན་གོས། འགོག་སྲུང་མིག་ཤེལ། གཤགས་བཅོས་ལག་ཤུབས་སོགས་ཚུད་ཡོད།

(དབང་སྒྲོལ་སྐྱིད་ཀྱིས་བསྒྱུར། སྤེན་ཚེས་ཞུས)