《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月01日

ཨ་ཧྥེ་རི་ཁའི་སྲིད་ཏང་གི་སྲིད་ཕྱོགས་མི་སྣ་གལ་ཆེན་གྱིས་བརྗོད་དོན།

རིམས་འགོག་མཉམ་ལས་བྱས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་མཐུན་དེ་བས་ཟབ་ཏུ་སོང་ཡོད།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཨ་ཧྥེ་རི་ཁའི་རྒྱལ་ཁབ་མང་པོའི་སྲིད་ཏང་གི་སྲིད་ཕྱོགས་མི་སྣ་གལ་ཆེན་གྱིས་ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ལ་གློག་འཕྲིན་དང་འཕྲིན་ཡིག་སྤྲིངས་ནས་ཀྲུང་གོས་བྱ་སྤྱོད་དངོས་ལ་བརྟེན་ནས་ཨ་ཧྥེ་རི་ཁས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པར་རྒྱབ་སྐྱོར་བྱས་པར་ཚད་མཐོའི་གདེང་འཇོག་བྱས་པ་དང་འབྲེལ། ཨ་ཧྥེ་རི་ཁ་རིམས་ནད་ལས་རྣམ་པར་རྒྱལ་རྒྱུར་ཡིད་ཆེས་བསྣན་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་དམངས་སེམས་པ་གཅིག་མཐུན་བྱུང་བའི་ངོས་འཛིན་བྱས་པ། མཐུན་སྒྲིལ་བྱས་ནས་རིམས་འགོག་བྱས་པ་དེས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་མཐུན་དེ་བས་ཟབ་ཏུ་སོང་བས་ཀྲུང་གོ་ཕྱོགས་དང་མཉམ་དུ་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་འདུས་གྲུབ་གཏོད་འདོད་ཡོད་ཅེས་བརྗོད་པ་རེད།

ཐན་ཙན་ནི་ཡ་གསར་བརྗེ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་པཱ་ཤིས་ལུའུ་ཡིས། ད་ཐེངས་ཀྱི་རིམས་ནད་རྙོག་འཛིང་ཆེ་ལ་གཏོར་བཤིག་གཏོང་ཤུགས་ཆེ་བས་རིམས་ནད་ལས་རྣམ་པར་རྒྱལ་བར་གོ་ལ་ཧྲིལ་པོས་ལག་གདང་སྦྲེལ་ནས་འབད་བརྩོན་བྱེད་དགོས། ཀྲུང་གོས་རིམས་འགོག་གི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་དཔེ་སྟོན་གྱི་ནུས་པ་ཐོན་ཡོད། དཀའ་སྡུག་ཕྲད་དུས་བརྩེ་སེམས་ཟབ་མིན་རྟོགས་ཞེས་པའི་དཔེ་ལྟར། ཀྲུང་གོའི་ཏང་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཐུན་སྒྲིལ་སྲུང་སྐྱོང་ལ་གཞོལ་བཞིན་ཡོད་ལ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཐན་ཙན་ནི་ཡ་ཚུད་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གི་རིམས་འགོག་ལ་རོགས་སྐྱོར་ཡང་བྱེད་བཞིན་ཡོད་པས་སྐབས་འདི་དང་བསྟུན་ནས་ང་ཚོས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོས་ཨ་ཧྥེ་རི་ཁའི་སྲིད་ཏང་གཞན་དག་དང་མཉམ་དུ་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་སྲོལ་རྒྱུན་གྱི་མཛའ་གྲོགས་དང་མཐུན་སྒྲིལ་རོགས་རེས་ཀྱི་བླ་ན་མེད་པའི་སྙིང་སྟོབས་རྒྱུན་ཆད་མེད་པར་རྒྱུན་འཛིན་དང་དར་སྤེལ་བཏང་ནས་མཉམ་དུ་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་པ་བྱེད་འདོད་ཡོད་ཅེས་བརྗོད་པ་རེད།

ཀག་ནའི་རྒྱལ་གཅེས་ཏང་གསར་པའི་སྤྱི་ཁྱབ་ཧྲུའུ་ཅི་པོ་ཨ་ཏུའུ་ཡིས། ཀག་ན་ཕྱོགས་ཀྱིས་ཀྲུང་གོའི་དབར་གྱི་འབྲེལ་བ་དེ་ཕྱི་ཕྱོགས་འབྲེལ་བའི་ཁྲོད་གནས་བབ་གལ་ཆེན་དུ་འཇོག་རྒྱུ་ཡིན་ལ། ཀྲུང་གོས་ཀག་ནའི་འཕེལ་རྒྱས་ལ་ལྷག་བསམ་ཟོལ་མེད་ཀྱི་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཡང་ཞུ་རྒྱུ་ཡིན། རིམས་ནད་མཆེད་པ་ནས་བཟུང་། ཀྲུང་གོས་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་རྒྱུན་མཐུད་ངང་ལེགས་སུ་འགྲོ་བའི“ངོ་མཚར”བཏོད་པ་མ་ཟད། ད་དུང་རྒྱལ་སྤྱིའི་ཐོག་སྔོན་ལ་ཨ་ཧྥེ་རི་ཁར་རོགས་སྐྱོར་བྱས་ཏེ་ཨ་ཧྥེ་རི་ཁ་ཕྱོགས་ཀྱི་རིམས་འགོག་ལ་གལ་འགངས་ཆེ་བའི་ཉམས་མྱོང་གི་གཞི་འཛིན་ས་དང་དངོས་ཟོག་གི་རྒྱབ་སྐྱོར་བྱས་པའི་བཀའ་དྲིན་དེ་ང་ཚོས་སེམས་སུ་བཅངས་ཡོད། ཀྲུང་གོ་ཕྱོགས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་སྤྱི་འདོམས་བྱེད་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི“ཀྲུང་གོའི་བློ་གྲོས”དེ་བས་མང་བ་མུ་མཐུད་ནས་མཉམ་སྤྱོད་བྱ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།

སེ་ནེ་ཀལ་གྱི་སྤྱི་མཐུན་བརྩོན་ལེན་མནའ་འབྲེལ་གྱི་ཀྲུང་གོའི་ལས་དོན་གྱི་ཆེད་བསྐོས་པ་ཙུང་ཐུང་ལས་ཤག་གི་པུའུ་ཀྲང་རིམ་པའི་བློ་འདྲི་བ་པར་ཏེ་ཡིས། ཀྲུང་གོས་རང་ཉིད་ཀྱི་དཀའ་ངལ་ཁྱད་བསད་བྱས་ཏེ་ཀྲུང་གོར་ཡོད་པའི་སེ་ནེ་ཀལ་བར་ལྟ་རྟོག་ཡག་པོ་བྱས་པའི་བཀའ་དྲིན་དེ་སེ་ནེ་ཀལ་གྱིས་སེམས་སུ་བཅངས་ཡོད། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཛའ་མཐུན་ལ་ལོ་རྒྱུས་དང་དུས་ཚོད་ཀྱི་ཉམས་སད་ཐེག་ཐུབ་ངེས་ཡིན་པས་ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁའི་རིམས་འགོག་ལ་མུ་མཐུད་ནས་རྒྱབ་སྐྱོར་བྱས་ཏེ། སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་ནས་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་འདུས་གྲུབ་གཏོད་རྒྱུའི་རེ་བ་ཡོད། གཞན་ཡང་། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་ཀྱི་སྒྲོམ་གཞིའི་ནང་གི་མཐུན་སྦྱོར་ནུས་པ་གལ་ཆེན་མུ་མཐུད་འདོན་སྤེལ་བྱེད་པ་དང་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་འཐུས་སྒོ་ཚང་དུ་བཏང་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་རིམས་ནད་ཀྱི་འགྲན་སློང་དང་དཔལ་འབྱོར་གྱི་རྡབ་རྡེག་ལ་ཁ་གཏད་གཅོག་རྒྱུར་རྒྱབ་སྐྱོར་བྱེད་པའི་ཐད་སྣེ་ཁྲིད་ཀྱི་ནུས་པ་འདོན་རྒྱུའི་རེ་བའང་ཡོད་ཅེས་བརྗོད་པ་རེད།

ཅི་པོའུ་ཐིའི་ཡར་ཐོན་བརྩོན་ལེན་མི་དམངས་མནའ་འབྲེལ་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་ཆབ་སྲིད་བློ་འདྲི་བ་མུའུ་མིང་གིས། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་མཉམ་ལས་གཉིས་ཁེའི་རྨང་གཞིའི་ཐོག་བཙུགས་པ་ཞིག་ཡིན་པས་ལོ་རྒྱུས་རིང་ཞིང་རྩ་བ་བརྟན་པོ་ཡོད། ཀྲུང་གོ་ནི་ཨ་ཧྥེ་རི་ཁའི་ལྷག་བསམ་ཟོལ་མེད་ཀྱི་གྲོགས་པོ་ཡིན་པས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་འཕེལ་རྒྱས་དོན་གཉེར་བྱེད་སྐབས་ཀྲུང་གོའི་རོགས་རམ་དང་ཁ་འབྲལ་ཐབས་མེད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁའི་རིམས་འགོག་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པར་ཐུཌ་རྗེ་ཆེ་ཞུ་རྒྱུ་ཡིན། ང་རང་ཡང་ཅི་པོའུ་ཐི་དང་ཀྲུང་གོའི་མཛའ་མཐུན་འབྲེལ་བའི་མགྲིན་ཚབ་པ་བྱེད་འདོད་ཡོད། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་བརྩེ་སེམས་ཟབ་མོ་དེ་མཐུན་སྒྲིལ་རིམས་འགོག་ཁྲོད་དེ་བས་སྲ་བརྟན་དུ་འགྲོ་རྒྱུའི་ཡིད་ཆེས་བརྟན་པོ་ཡོད་ཅེས་བརྗོད་པ་རེད།