《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月01日

ཀྲུང་གོའི་རིགས་གཅིག་མཁས་ཅན་གྱིས་ཏུར་མེན་སི་ཐན་དུ་ཡོད་པའི་སྤུན་ཟླར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འབྲེལ་ཡོད་ཤེས་བྱ་ངོ་སྤྲོད་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ནུར་སུའུ་ཏན་ནས་ཟླ་4ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཨ་ཧྲེན་ཧ་པ་ཏེ་ནས་གནས་ཚུལ་སྤེལ་བར། ཚེས་28ཉིན་ཏུར་མེན་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་ཤིས་ཨན་འགྲིམ་འགྲུལ་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་དང་པོས་མཉམ་དུ་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འབྲེལ་ཡོད་ཤེས་བྱ་འཆད་ཁྲིད་བྱས་ཏེ། ཏུར་མེན་སི་ཐན་དུ་ཡོད་པའི་སྤུན་ཟླར་མིག་སྔའི་ཏུར་མེན་སི་ཐན་གྱི་རིམས་ནད་ཀྱི་དུས་བབ་དང་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ངོ་སྤྲོད་བྱས་པ་མ་ཟད། མི་སྒེར་གྱི་འགོག་སྲུང་བྱེད་སྟངས་བསླབ་པ་དང་སེམས་གསོ་ཡང་བྱས་པ་རེད།

འཆད་ཁྲིད་དེ་རྒྱང་ཁྲིད་བརྙན་ལམ་སྦྲེལ་མཐུད་ཐོག་ནས་སྤེལ་བ་དང་ཏུར་མེན་སི་ཐན་དུ་ཡོད་པའི་ཀྲུང་གོའི་མ་འཇོག་ཁེ་ལས་15ཡི་ལས་མི་དང་། རྒྱ་ཡིག་དགེ་རྒན། ཕྱི་སྦྱོང་སློབ་མ་སོགས་མི་80ཙམ་ཚོགས་ར་8ལ་ཕྱེ་ནས་འཆད་ཁྲིད་ལ་ཞུགས་པ་རེད།

(སྐལ་མཆོག་གིས་བསྒྱུར། པ་སངས་ཀྱིས་ཞུས)