《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月01日

ཕྱི་འབྲེལ་པུས་དཔྱད་གཏམ་སྤེལ་ནས་བརྗོད་དོན།

ཨ་རིས་དེ་སྔའི་སུའུ་ལན་རྒྱལ་ཁབ་ཏུ་སྐྱེ་དངོས་ཚོད་ལྟ་ཁང་བཙུགས་པའི་སྐོར་གྱི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དོགས་འཆར་སེལ་རྒྱུའི་རེ་བ་ཡོད།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཨ་རིས་དེ་སྔའི་སུའུ་ལན་རྒྱལ་ཁབ་ཏུ་སྐྱེ་དངོས་ཚོད་ལྟ་ཁང་བཙུགས་ནས་ཨ་རིའི་རྒྱལ་ནང་དུ་གཏན་འགོག་བྱས་པའི་ཞིབ་འཇུག་རྣམ་གྲངས་ཞིབ་འཇུག་བྱས་པར་དམིགས་ནས། ཚེས་29ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་ཨ་རི་ཕྱོགས་ཀྱིས་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དོ་ཁུར་དང་ས་གནས་དེ་གའི་དམངས་ཚོགས་ཀྱི་ཚེ་སྲོག་བདེ་ཐང་དང་བདེ་འཇགས་ལ་མཐོང་ཆེན་བྱེད་པ་དང་བྱེད་ཐབས་ཏན་ཏིག་སྤྱད་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དོགས་འཆར་སེལ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།

དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག མི་རིང་བའི་གོང་ཨུ་རུ་སུའི་ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཨ་རིས་དེ་སྔའི་སུའུ་ལན་རྒྱལ་ཁབ་ཏུ་སྐྱེ་དངོས་ཚོད་ལྟ་ཁང་བཙུགས་པར་དོ་ཁུར་ཟབ་མོ་བྱེད་ཀྱི་ཡོད། ཉེ་ཆར་མངའ་ཁོངས་ཕྱིའི་སྨྱན་སྦྱོར་ཐོག་འབྲེལ་ཡོད་ཚོད་ལྟ་ཁང་ལ་དོན་དངོས་ཐོག་ཨ་རི་ཕྱོགས་ནས་རྦད་དེ་འགན་འཁུར་བ་དང་། ཨ་རིའི་རྒྱལ་སྲུང་པུའུ་ཡི་ཁོངས་གཏོགས་ཚན་པས་ཐད་ཀར་བཀའ་བཏང་ནས་དམིགས་གཏན་འཁེལ་བའི་མི་ཚོགས་ཀྱི་ཉེན་ཁའི་ནད་ཡམས་ལ་དམིགས་ནས་ཞིབ་འཇུག་བྱས་ཏེ། ཨ་རིའི་རྒྱལ་ནང་དུ་གཏན་འགོག་བྱེད་པའི་ཞིབ་འཇུག་རྣམ་གྲངས་མང་པོ་ཞིག་ཞིབ་འཇུག་བྱས་འདུག དེའི་ཐད་ཀྲུང་གོ་ཕྱོགས་ཀྱིས་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་གསར་འགོད་པ་ཞིག་གིས་འདྲིས་པར།

ཀེང་ཧྲོང་གིས་ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུའི་ཕྱི་འབྲེལ་པུའི་མགྲིན་ཚབ་པའི་རྣམ་འགྱུར་མཚོན་པའི་གཏམ་བཤད་དང་འབྲེལ་ཡོད་གནས་ཚུལ་ལ་དོ་སྣང་བྱུང་། ཨ་རིས་དེ་སྔའི་སུའུ་ལན་རྒྱལ་ཁབ་ཏུ་སྐྱེ་དངོས་ཚོད་ལྟ་ཁང་མང་པོ་བསྐྲུན་ཡོད། འོན་ཀྱང་དེའི་ནུས་པ་དང་། སྤྱོད་སྒོ བདེ་འཇགས་རྟག་གྲངས་སོགས་བཤད་མི་ནུས་པས། ས་གནས་དེ་གའི་དམངས་ཚོགས་དང་ཉེ་འཁོར་རྒྱལ་ཁབ་ལ་སེམས་ཁྲལ་ཆེན་པོ་བཟོས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ས་གནས་དེ་གའི་དམངས་ཚོགས་ཚོས་འབྲེལ་ཡོད་ཚོད་ལྟ་ཁང་སྒོ་རྒྱག་དགོས་པའི་རེ་བ་ཆེན་པོ་བཏོན་ཡོད། ཨ་རིས་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དོ་ཁུར་དང་ས་གནས་དེ་གའི་དམངས་ཚོགས་ཀྱི་ཚེ་སྲོག་བདེ་ཐང་དང་བདེ་འཇགས་ལ་མཐོང་ཆེན་བྱེད་པ་དང་བྱེད་ཐབས་ནུས་ལྡན་སྤྱད་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དོགས་འཆར་སེལ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།