《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年04月12日

གཙོ་གནད་རྣམ་གྲངས་ལས་འགོ་བསྐྱར་འཛུགས་བྱེད་པར་བྲེལ།

གཙོ་གནད་རྣམ་གྲངས་ལས་འགོ་བསྐྱར་འཛུགས་བྱེད་པར་བྲེལ། ↑ བོད་རང་སྐྱོང་ལྗོངས་སྨན་ཁང་གི་རྣམ་གྲངས་ནི་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་དམངས་འཚོའི་འཛུགས་སྐྲུན་རྣམ་གྲངས་གལ་ཆེན་ཞིག་ཡིན་ཞིང་། རྒྱལ་ཁབ་ནོར་སྲིད་ཀྱིས་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་10བཏང་བ་དང་། ཉལ་ཁྲི་1499བཀོད་སྒྲིག་བྱེད་རྩིས་ཡོད་པ། ས་བཟུང་རྒྱ་ཁྱོན་མུའུ་400ཟིན་པ། སྤྱིའི་སྐྲུན་དངོས་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་27ཟིན་གྱི་ཡོད། འཆར་གཞི་ལྟར་ན་2021ལོའི་ལོ་མཇུག་ཏུ་བསྐྲུན་ཟིན་ནས་ཚོད་ལྟའི་གཉེར་སྐྱོང་བྱེད་རྒྱུ་རེད། སྨན་ཁང་བསྐྲུན་ཟིན་རྗེས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཁོ་བའི་སྤུས་ལེགས་སྨན་བཅོས་ཞབས་ཞུའི་དགོས་མཁོ་སྔར་བས་སྐོང་རྒྱུ་མ་ཟད། ད་དུང་བོད་ལྗོངས་ཡོངས་ལ་སྤུས་ཚད་མཐོ་བའི་སྨན་བཅོས་འཕྲོད་སྦྱོར་ཞབས་ཞུ་བསྒྲུབ་རྒྱུ་ཡིན་ཞིང་། འདི་ནི་ཉེ་ཆར། ལས་འགོ་བསྐྱར་འཛུགས་ཟིན་པའི་བོད་རང་སྐྱོང་ལྗོངས་སྨན་ཁང་བསྐྲུན་ཡུལ་གྱི་བྲེལ་འཚུབ་ཆེ་བའི་རྣམ་པ་ཡིན་པ།