《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年04月12日

པར་རིས་སྣེ་འཛོམས།

མི་མེད་གནམ་གྲུས་པར་བླངས་པའི་ རོ་མ།

⇒ འདི་ནི་མི་མེད་གནམ་གྲུས་མཁའ་དབྱིངས་ནས་པར་བླངས་པའི་རོ་མ་གྲོང་ཁྱེར་ཡིན་པ།

ཧོ་ལན་གྱི་ལུ་ཐེ་ཏན་དུ་དྲ་ཐོག་སློབ་ཁྲིད་བྱེད་པ།

⇑ ཉེ་ཆར་རིམས་ནད་ཀྱི་ཤུགས་རྐྱེན་འོག་ལུ་ཐེ་ཏན་གྱི་དགེ་སློབ་ཚོས་དྲ་ཐོག་སློབ་ཁྲིད་བྱས་ཤིང་། འདི་ནི་ཧོ་ལན་གྱི་ལུ་ཐེ་ཏན་དུ་གྲོགས་པོ་ཆུང་ཆུང་ཁག་གཅིག་གིས་གློག་ཀླད་སྤྱད་དེ་དྲ་ཐོག་སློབ་ཚན་ཉན་བཞིན་པ།

ཁྱིམ་དུ་ལུས་སྦྱོང་ བྱེད་པ།

⇐ ཧོ་ལན་གྱི་ལུ་ཐེ་ཏན་དུ་རིམས་ནད་ཀྱིས་རྐྱེན་པས་ལུས་རྩལ་ཁང་སྒོ་བརྒྱབ་པར་བརྟེན་གྲོགས་པོ་ཆུང་ཆུང་ཚོས་ཁྱིམ་དུ་ལུས་སྦྱོང་བྱེད་བཞིན་པ།

ཤིས་ཉི་ཡི་སྡེ་ཁུལ་ཆུང་ཆུང་གི་རེ་འདུན་ཆེན་པོ།

⇑ དམངས་ཚོགས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་རིང་འཚོ་བར་རྣམ་འགྱུར་ཡག་པོ་འཛིན་རྒྱུར་སྐུལ་ལྕག་བྱ་ཆེད། ཤིས་ཉི་བྱང་རྒྱུད་ཀྱི་ཧྥེར་ལའེ་ཐེ་སྡེ་ཁུལ་གྱི་གྲོང་མིས་རང་མོས་ངང་སྦྱར་ཡིག་མང་པོ་ཞིག་བཟོས་ནས་རང་ཁྱིམ་གྱི་སྒོ་ཁ་དང་སྤྱི་པའི་ཁྱབ་ཁོངས་སུ་སྦྱར་ཏེ་ལམ་རྒྱུད་ཀྱི་མི་ཚོར་ཞི་ལྷོད་ཀྱི་རྣམ་པ་ཞིག་ཚོར་ཐུབ་པར་བྱས་ནས་སེམས་བག་ཡངས་པོའི་ངང་རིམས་ནད་ལ་ཁ་གཏད་གཅོག་ཐབས་བྱེད་ཀྱི་ཡོད་ཅིང་། འདི་ནི་ཨོ་སི་ཁྲུ་ལི་ཡའི་གྲོང་ཁྱེར་ཤིས་ཉི་ཡི་ཧྥེར་ལའེ་ཐེ་སྡེ་ཁུལ་ནས་པར་བླངས་པའི་མི་རྣམས་གཟུགས་པོ་བདེ་ཐང་ཡོང་བ་ཤོག་ཅེས་པའི་སྨོན་ཚིག་ཡིན་པ།

ཡོང་འབབ་མེད་པའི་མི་སྣར་བཟའ་བཅའ་མཁོ་འདོན་བྱས་པ།

⇒ འདི་ནི་དབྱི་ཐ་ལིའི་ན་པོ་ལེ་སིའི་ཁྲོམ་ར་ཞིག་ཏུ་དང་བླངས་པ་དང་སྡེ་ཁུལ་གྱི་ལས་དོན་མི་སྣས་བཟའ་བཅའ་དབྱེ་བ་ཕྱེས་ནས་ས་གནས་དེ་གའི་ཡོང་འབབ་མེད་པའི་གྲོང་མིར་སྤྲོད་རྩིས་བྱེད་པ།