《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年04月02日

ཆེ་དགྲ་ལྷས་གསུངས་དོན།

བོད་ཀྱི་འཕོ་འགྱུར་ཆེ་མོ་ལས་ཀྲུང་གོའི་ལམ་ལུགས་ཀྱི་ལེགས་ཆ་མངོན་ཡོད།

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་3ཚེས་28ཉིན་གློག་འཕྲིན་འབྱོར་གསལ། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་ཆེ་དགྲ་ལྷས་ཟླ་3ཚེས་28ཉིན་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་61འཁོར་བར་དྲན་གསོ་ཞུ་བའི་བརྙན་འཕྲིན་གསུང་བཤད་གནང་ཞིང་། ཁོང་གིས་གསུང་བཤད་གནང་སྐབས“བོད་ཀྱི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་ལས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་ལེགས་ཆ་གང་ལེགས་མངོན་ཡོད”ཅེས་གསུངས་པ་རེད།

ཆེ་དགྲ་ལྷས་གསུང་བཤད་གནང་སྐབས་ལོ་61རིང་རླབས་ཆེན་འགྱུར་ལྡོག་བྱུང་ཡོད། ཀྲུང་དབྱང་སྲིད་གཞུང་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་མཐུན་སྒྲིལ་འབད་འཐབ་ཀྱིས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།

“མིག་སྔར། ང་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་མུ་མཐུད་ཡག་པོ་སྒྲུབ་པ་དང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་གང་མགྱོགས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་བྱེད་དགོས” 2020ལོར་བོད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་བཏང་སྟེ་དམངས་འཚོ་རྒྱུན་མཐུད་འགན་ལེན་དང་ལེགས་སུ་བཏང་ནས“འཛམ་གླིང་ཡང་རྩེའི”ནམ་མཁའ་སྔར་ལས་སྔོ་བ་དང་། རི་བོ་སྔར་བས་སྔོ་བ། ཆུ་བོ་སྔར་ལས་དྭངས་བ། ཁོར་ཡུག་སྔར་བས་མཛེས་པ་ཡོང་བ་བཅས་བྱེད་རྒྱུ་ཡིན་ཞེས་ཆེས་དགྲ་ལྷས་གསུངས་པ་རེད།

(དབང་སྒྲོལ་སྐྱིད་ཀྱིས་བསྒྱུར། ཚེ་སྒྲོལ་གྱིས་ཞུས)