《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年04月02日

སྒྲིག་ཆས་བཟོ་སྐྲུན་ཁེ་ལས་ཀྱིས་ཐོན་སྐྱེད་བྱེད་པ།

ཟླ་2ཚེས་10ཉིན། ཅིས་ནན་འཕྲུལ་སྟེགས་ཚོགས་པ་ཚད་ཡོད་ཀུང་སི་གཉིས་པས་ཕྱོགས་ཡོངས་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱས་ཚུན། ལས་བཟོ་5000ལྷག་ཙམ་གྱིས་ལས་འགན་ལ་གཞི་ཚུགས་ཏེ་གོ་རིམ་ལྡན་པའི་ངང་ཐོན་སྐྱེད་འགན་ལེན་ཧུར་ཐག་བྱས་ཡོད། སྒྲིག་སྦྱོར་འཆར་གཞི་ནར་འགྱངས་དང་ཕྱི་ནས་ཉོས་པའི་ལྷུ་ལག་རྒྱུན་གཏན་ལྟར་སླེབས་ཐབས་བྲལ་བའི་གནས་ཚུལ་འོག་ཀུང་སིས་སྒྲིག་སྦྱོར་ལས་རིམ་ལེགས་སྒྲིག་དང་ཐོན་ཁུངས་གྲབས་གསོག་ལ་བརྟེན་ནས་ཐོན་རྫས་དུས་བཀག་ལྟར་རྩིས་སྤྲོད་ཐུབ་པའི་འགན་ལེན་དང་གཙོ་གནད་ལས་རིགས་ཀྱི་འཛད་སྤྱོད་པའི་དགོས་མཁོ་བསྐངས་ཏེ་ལོ་འཁོར་མོའི་དམིགས་ཚད་ལས་འགན་ལེགས་གྲུབ་ཡོང་བའི་འགན་ལེན་བྱས་ཡོད།

འདི་ནི་ཉེ་ཆར་ཁེ་ལས་ཀྱི་ལས་བཟོས་ཕྱི་རྒྱལ་ལ་གཏོང་རྒྱུའི་རང་འགུལ་ཅན་གྱི་སྒྲིག་ཆས་སྒྲིག་སྦྱོར་བྱེད་བཞིན་པ།