《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年04月02日

རིམས་ནད་སྔོན་འགོག་ཚོད་འཛིན་གྱིས་སློབ་འགོ་འཛུགས་པའི་གྲ་སྒྲིག་བྱེད་པ།

2020ལོའི་ཟླ་3ཚེས་30ཉིན། ཨན་ཧུའེ་ཞིང་ཆེན་ཧོ་ཧྥེ་གྲོང་ཁྱེར་ཡའོ་ཧའེ་ཆུས་ཀྱི་སློབ་གྲྭའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལད་མོའི་ནང་སྦྱོང་ཞི་བདེ་སློབ་ཆུང་གཉིས་པར་བྱས་པ་དང་། ནང་སྦྱོང་བྱེད་སྐབས་སློབ་མ་སློབ་གྲྭའི་ནང་དུ་འཛུལ་རྗེས་ཞོགས་པའི་བརྟག་དཔྱད་བྱེད་པ་དང་། སློབ་སྦྱོང་བྱེད་པ། སློབ་གསེང་གི་བྱེད་སྒོ་སྤེལ་བ། འཚང་ཁ་ལས་གཡོལ་ནས་ལྟོ་ཟ་བ་སོགས་བྱས་ཏེ་དགེ་སློབ་ཚོར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བརྒྱུད་རིམ་རྒྱུས་ལོན་ཡོང་རོགས་བྱས་པ་དང་། འགོག་ཟོན་དང་འཕྲལ་སྡོམ་ཐག་གཅོད་ནུས་པ་ཆེ་རུ་བཏང་སྟེ་སློབ་འགོ་འཛུགས་པ་དང་སློབ་ཚན་སླར་གསོའི་ལས་དོན་བདེ་བླག་ངང་སྤེལ་རྒྱུའི་འགན་ལེན་བྱས་ཤིང་། འདི་ནི་2020ལོའི་ཟླ་3ཚེས་30ཉིན་ཨན་ཧུའེ་ཞིང་ཆེན་ཧོ་ཧྥེ་གྲོང་ཁྱེར་ཞི་བདེ་སློབ་ཆུང་གཉིས་པའི་དགེ་རྒན་གྱིས་ལག་པ་འཁྲུ་སྟངས་སློབ་བཞིན་པ།