《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年04月02日

2020ལོའི་རྒྱལ་ཡོངས་ཀྱི་མཐོ་རྒྱུགས་དུས་ཚོད་གཏན་འཁེལ་བྱས་པ།

ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མོས་མཐུན་གནང་བ་བརྒྱུད། 2020ལོའི་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་བསྡུའི་གཅིག་གྱུར་རྒྱུགས་ལེན(གཤམ་དུ་མཐོ་རྒྱུགས་ཞེས་བསྡུ་རྒྱུ)དུས་ཚོད་ཟླ་བ་གཅིག་ནར་འགྱངས་བྱས་ནས་ཟླ་7ཚེས་7དང་8ཉིན་བྱེད་རྒྱུ་ཡིན་པ་རེད། ཧུའུ་པེ་ཞིང་ཆེན་དང་པེ་ཅིང་གྲོང་ཁྱེར་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གནས་ཚུལ་ལ་གཞིགས་ནས། ས་ཁུལ་དེ་གའི་མཐོ་རྒྱུགས་དུས་ཚོད་བཀོད་སྒྲིག་སྐོར་གྱི་བསམ་འཆར་ཞིབ་འཇུག་བྱས་ནས་འདོན་ཆོག་པ་དང་། སློབ་གསོ་པུའུ་དང་གྲོས་བསྡུར་བྱས་ནས་མོས་མཐུན་བྱུང་རྗེས་སྤྱི་ཚོགས་ལ་དུས་ཐོག་ཏུ་ཡོངས་བསྒྲགས་བྱས་ཆོག

འདི་ནི་ཟླ་3ཚེས་31ཉིན། ཀུའེ་ཀྲོའུ་ཞིང་ཆེན་པི་ཅེ་གྲོང་ཁྱེར་མི་རིགས་སློབ་འབྲིང་གི་མཐོ་འབྲིང་ལོ་རིམ་གསུམ་པའི་སློབ་མ་ཞིག་གིས་མཐོ་རྒྱུགས་ལྡོག་རྩིས་དུས་ཚོད་བཟོ་བཅོས་རྒྱག་པའི་རྣམ་པ་ཡིན་པ།