《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月26日

ཡོ་རོབ་མནའ་འབྲེལ་གྱི་མཐོ་རིམ་དཔོན་རིགས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་ཐབས་ཡག་ཤོས་ནི་ཐུན་མོང་ཐོག་མཉམ་ལས་བྱ་རྒྱུ་དེ་ཡིན་ཞེས་བསྟན་པ།

ཉེ་ཆར། ཡོ་རོབ་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་སྐུ་ཚབ་པུའོ་ལེ་ལི་ཡིས། ཏོག་གསར་གློ་ཚད་རིམས་ནད་ནི་འགྲོ་བ་མིའི་རིགས་ཡོངས་ལ་འཕྲད་པའི་འཇིགས་སྐུལ་ཞིག་ཡིན། རིམས་ནད་མ་མཆེད་པའི་ཐབས་ཤེས་ཡག་ཤོས་ནི་ཐུན་མོང་ཐོག་མཉམ་ལས་བྱ་རྒྱུ་དེ་ཡིན་ཞེས་བརྗོད་པ་རེད།

པུའོ་ལེ་ལི་ཡིས་དེ་ཉིན་ཡོ་རོབ་མནའ་འབྲེལ་གྱི་ཕྱི་འབྲེལ་པུའུ་ཀྲང་གི་བརྙན་ལམ་ཚོགས་འདུ་གྲོལ་རྗེས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག “ད་ཆ་ནི་ཕྱོགས་མང་རིང་ལུགས་ལ་ཤུགས་སྣོན་རྒྱག་པ་དང་ལག་གདང་དཔུང་སྦྲེལ་གྱིས་རིམས་ནད་འགོག་རྒོལ་བྱེད་པའི་འགག་རྩའི་དུས་ཡིན་པས་ང་ཚོས་ངེས་པར་དུ་མཉམ་ལས་དམ་ཟབ་བྱེད་དགོས། ཐུན་མོང་ཐོག་འབད་བརྩོན་བྱས་ཚེ་གཞི་ནས་འགྲོ་བ་མིའི་རིགས་ཡོངས་ཀྱི་འཇིགས་སྐུལ་དེར་ཁ་གཏད་གཅོག་ཐུབ”ཅེས་བརྗོད་པ་རེད།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པུ་རུ་སེར་ནས་འབྱོར་བའི་གློག་འཕྲིན།