《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月26日

སར་པི་ཡས་ཀྲུང་གོའི་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་གྲོས་འགོ་བསྡུ་ལེན་བྱས་ཏེ་ཏོག་གསར་ནད་དུག་གི་བརྟག་དཔྱད་བྱེད་ཁོངས་ཆེ་རུ་གཏོང་རྒྱུ་ཡིན་པ།

⇐ ཚེས་23ཉིན་སར་པི་ཡའི་ཙུང་ཐུང་ཝུའུ་ཆི་ཆིས། སར་པི་ཡར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་དང་གྲོས་མོལ་བྱས་པ་བརྒྱུད། སར་པི་ཡས་ཁྱབ་ཁོངས་ཆེན་པོའི་བརྟག་དཔྱད་དང་ནད་གཞི་ལྕི་ཡང་གི་ནད་པ་སོ་སོར་ལོགས་སུ་འཇོག་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད། འདི་ནི་སར་པི་ཡའི་རྒྱལ་ས་པེལ་ཀེ་རེ་ཏེ་རུ་སར་པི་ཡའི་ཙུང་ཐུང་ཝུའུ་ཆི་ཆིས(དཀྱིལ)ཀྲུང་སར་རིམས་འགོག་སྤེལ་རེས་ཚོགས་འདུར་ཞུགས་རྗེས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་ཞུགས་བཞིན་པ།