《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月23日

འཇར་མན་གྱིས་མཐའ་མཚམས་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་པ།

འཇར་མན་གྱི་ནད་ཡམས་སྔོན་འགོག་ཚོད་འཛིན་སྒྲིག་གཞིའི་ལུའོ་པོ་ཐེ་·ཁོའོ་ཧོ་ཞིབ་འཇུག་ཁང་གིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། ཚེས་16ཉིན་གྱི་ཆུ་ཚོད་15བར་འཇར་མན་དུ་གཏན་འཁེལ་བྱུང་བའི་ནད་དཔེ་6012བར་མང་དུ་ཕྱིན་པ་དང་གྲོངས་པའི་ནད་དཔེ་13བྱུང་ཡོད། འཇར་མན་སྲིད་གཞུང་གིས་ཚེས་16ཉིན་ནས་བཟུང་ཨོ་སི་ཁྲུ་རི་ཡ་དང་། སུའེ་ཙེར། ཧྥ་རན་སེ། ལུ་ཙེམ་པོག ཏེན་མག་བཅས་རྒྱལ་ཁབ་ལྔ་པོའི་དབར་གྱི་མཐའ་མཚམས་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་ཡོད། ལུགས་དང་མཐུན་པའི་རྒྱུ་མཚན་མེད་ཚེ་ཡུལ་སྐོར་འགྲོ་འོང་བྱེད་ཆོག་གི་མེད། འོན་ཀྱང་ཟོག་འདྲེན་འགྲིམ་འགྲུལ་དང་རྒྱལ་ཁོངས་སྒྲོལ་ནས་ལས་ཀར་འགྲོ་མཁན་ལ་མཐའ་མཚམས་ཚོད་འཛིན་གྱི་ཤུགས་རྐྱེན་ཕོག་གི་མེད་པ་རེད། འདི་ནི་འཇར་མན་གྱི་གྲོང་ཁྱེར་ཆུང་ངུ་ཁེའར་དུ་གནས་པའི་འཇར་མན་དང་ཧྥ་རན་སེའི་མཐའ་མཚམས་ཀྱི“ངོགས་གཉིས་ཀྱི་ཟམ་པའི”འགྲམ་དུ་ཉེན་རྟོག་པས་རླངས་འཁོར་ལ་ཞིབ་བཤེར་བྱེད་བཞིན་ཡོད་པ།