《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月20日

པར་རིས་གསར་འགྱུར།

2020ལོའི་ཟླ་3ཚེས་17ཉིན་གྱི་ཐོ་རེངས་སུ་བོད་ཀྱི་ཤར་ལྷོའི་རྒྱུད་དུ་བསྟུད་མར་གངས་བབས་པས་ཁྲོན་བོད་གཞུང་ལམ་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་ཁོངས་སུ་གློ་བུར་དུ་རིང་ཚད་ལ་སྨི་100དང་ཞེང་ཚད་ལ་སྨི་150མཐོ་ཚད་ལ་སྨི་5ཡོད་པའི་རྡིབ་ཐེབས་ནས་འགྲིམ་འགྲུལ་འགག་སྟེ་རླངས་འཁོར་500ལྷག་རང་སར་ལུས་ཡོད།

གངས་རྡིབ་ཀྱི་གནོད་འཚེ་ཐོན་རྗེས། དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་དཔུང་སྡེ་ཞིག་གི་ཉིང་ལག་རུ་ཁག་གསུམ་པས་འཕྲལ་སྡོམ་རོགས་སྐྱོབ་ཇུས་གཞི་ལག་བསྟར་བྱས་ཏེ་དཔའ་ཤོད་རྫོང་དང་ར་འོག་གྲོང་རྡལ་གྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་དང་འབྲེལ་བ་བྱས་ནས་འགྲིམ་འགྲུལ་བཀག་སྡོམ་བྱས་པ་རེད། ཉིང་ལག་རུ་ཁག་དེའི་རུ་ཆེན་བཞི་པའི་ལམ་སྐྱོང་རུ་འབྲིང་བཅོ་ལྔ་པའི་དཔོན་དམག་ཚོས་ལྡུག་འཁོར་དང་རྐོ་འདྲུའི་འཕྲུལ་འཁོར་བཏང་ནས་གནོད་འཚེ་ཐོན་སར་བསྐྱོད་དེ་ལམ་ཤར་གཏོང་གི་ལས་དོན་སྤེལ་བ་རེད།

པར་①ནི་ལམ་ཤར་གཏོང་བྱེད་ཡུལ་ཡིན་པ།

པར་②ནི་གནོད་འཚེ་ཕོག་ཡུལ་དུ་དཔོན་དམག་ཚོས་གངས་རྡིབ་ཁྲོད་ལུས་པའི་མང་ཚོགས་ལ་བཟའ་བཅའ་སྤྲོད་པ།