《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月03日

མཚོ་སྔོན་གྱིས་དཔྱིད་རྨོད་ཀྱི་གྲ་སྒྲིག་ཨང་བསར་བྱས་པ།

འདི་ག་ཚགས་པར་གྱི་གསར་འགོད་པ། ཅ་ཧྥེང་ཧྥེང་།

“སྔ་དྲོ་གཅིག་ཁོ་ནར་མུའུ་1.6ཡོད་པའི་ཞིང་ཁར་གྲོ་བཏབ་ཚར་སོང་། ཞོར་ལ་ད་དུང་སྔོ་ཚོད་ཏོག་ཙམ་བཀོག་པས་ཉིན་དགུང་བཟའ་ཟླར་ཅའོ་ཙེ་བཟོ་བཅུག་གི་ཡིན”ཞེས་མཚོ་སྔོན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རེབ་གོང་རྫོང་ཐོ་རྒྱ་གྲོང་རྡལ་ཁྱུང་བོ་གྲོང་ཚོའི་སངས་རྒྱས་ཀྱིས་རྨོད་བརྒྱབ་ཚར་བའི་ས་ཞིང་ལ་ལྟ་བཞིན་དེ་ལྟར་བརྗོད།

“དགུན་སྟོད་བྲེལ་བ་དེ་ཙམ་མེད་པའི་སྐབས་སུ། རྫོང་དུ་ང་ཚོ་སྒྲིག་འཛུགས་བྱས་ཏེ་གཅིག་སྡུད་སློབ་སྦྱོང་དང་ལྟ་སྦྱོང་གི་གསོ་སྦྱོང་བྱས་ཤིང་། ཞིང་འབྲོག་ལས་ཀྱི་ལག་རྩལ་གསར་པ་དང་། ཞིང་སོན་གསར་པ་ཁྱབ་གདལ། འདེབས་གསོའི་ལག་རྩལ་གྱི་ཉེར་སྤྱོད། ཞིང་འཕྲུལ་རྨོ་འདེབས་ཀྱི་ལག་རྩལ། འཕྲུལ་འཁོར་གསར་པ་རྒྱ་ཁྱབ་བེད་སྤྱོད་སོགས་ཀྱི་ནང་དོན་གཙོ་གནད་འགྲེལ་བཤད་བརྒྱབ་པས། ད་ལྟ་སྦྱངས་པ་གོ་ཆོད་བྱུང་སོང”ཞེས་སངས་རྒྱས་ཀྱིས་གསར་འགོད་པར་བརྗོད།

མིག་སྔ་ནི་དཔྱིད་རྨོད་དཔྱིད་འདེབས་ཀྱི་དུས་ཚིགས་ཡག་ཤོས་ཤིག་ཡིན་པ་དང་། རེབ་གོང་རྫོང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་མཐོང་ཆེན་བྱེད་པ་དང་དུས་མཚུངས། བྱ་སྤྱོད་སྔ་ཙམ་སྤེལ་བ་དང་བཀོད་སྒྲིག་སྔ་ཙམ་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔྱིད་རྨོད་དཔྱིད་འདེབས་ཀྱི་ཐོན་སྐྱེད་གཉིས་ཀ་འཐུས་ཤོར་མི་ཡོང་བ་བྱས་ཡོད། ལྷག་པར་དུ་ཞིང་པའི་ལག་རྩལ་མི་སྣ་73ལས་གྲུབ་པའི“ཞིང་འདེབས་གདོང་ལེན་རུ་ཁག”གིས་ཞིང་ནང་དང་མུ་ཁར་བསྐྱོད་དེ་གྲོའི་མྱུ་གུ་སྐྱེ་འཚར་ལ་ཤེས་རྟོགས་བྱས་པ་མ་ཟད། འདེབས་འཛུགས་བྱ་རྒྱུར་འཚམ་པའི་ཆུ་དང་། ས་རྒྱུ། དྲོད་ཚད་སོགས་འགྲེལ་བཤད་བརྒྱབ་ནས་ལག་རྩལ་མི་སྣ་དུད་ཚང་དུ་བསྐྱོད་པ་དང་། ལག་རྩལ་ཞིང་ནང་དུ་ཁྱབ་གདལ་གཏོང་བ། ལག་རྩལ་གྱི་གནད་འགག་ཁོང་དུ་ཆུད་པ་བཅས་བྱས་ཡོད།

(བསོད་ནམས་དཔའ་མོས་བསྒྱུར། བདེ་སྒྲོལ་དང་བསོད་དཔའ་ཡིས་ཞུས)