《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月03日

རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཁེ་ལས་དང་འབྲེལ་བའི་ཡིད་རྟོན་ཞབས་ཞུའི་འགྲོ་གྲོན་ཆག་ཡང་དང་རྩ་ཆག་བཏང་བ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་3ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་ཀྱིས་སྐུལ་འདེད་གཏོང་བ་དང་ཁེ་ལས་མགྱོགས་མྱུར་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་རོགས་རམ་བྱ་ཆེད། ཉེ་ཆར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས《དུས་མཚམས་རང་བཞིན་གྱི་ཡིད་རྟོན་ཞབས་ཞུའི་འགྲོ་གྲོན་ཁག་གཅིག་ཆག་ཡང་དང་རྩ་ཆག་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་པ་དང་དེ་ཉིན་ནས་བཟུང་། ཁེ་ལས་དང་འབྲེལ་བའི་ཡིད་རྟོན་ཞབས་ཞུའི་འགྲོ་གྲོན་ཁག་གཅིག་ཆག་ཡང་དང་རྩ་ཆག་གཏོང་རྒྱུ་ཡིན་པས་སྔོན་རྩིས་བྱས་ན་ཁེ་ལས་ཀྱི་ཁུར་པོ་སྒོར་དུང་ཕྱུར་1.64ཡང་དུ་འགྲོ་རྒྱུ་རེད།

《བརྡ་ཐོའི》ནང་། 2020ལོའི་ཟླ་3ཚེས་1ཉིན་ནས་2020ལོའི་ཟླ་6ཚེས་30ཉིན་བར་ཁེ་ལས་ཀྱི་བསྡུ་དགོས་པའི་རྩིས་ཐོའི་དངུལ་གྱི་གཏའ་འཇོག་ཐོ་འགོད་དང་། ཐོ་འགོད་སྒྱུར་བ། བསམ་འཆར་མི་མཐུན་པ་ཐོ་འགོད་བཅས་ཀྱི་འགྲོ་གྲོན་རྩ་ཆག་གཏོང་རྒྱུ་ཡིན་པ་དང་། གྲོང་གསེབ་ཀྱི་ཚོང་ལས་དངུལ་ཁང་དང་།

(པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) གྲོང་གསེབ་ཀྱི་མཉམ་ལས་དངུལ་ཁང་། གྲོང་གསེབ་ཀྱི་ཡིད་རྟོན་ཁང་། གྲོང་ཚོ་དང་གྲོང་རྡལ་གྱི་དངུལ་ཁང་། གྲངས་ཉུང་དངུལ་བུན་ཀུང་སི། འཛད་སྤྱོད་དངུལ་རྩའི་ཀུང་སི། མ་རྩ་བསྡུ་སྒྲིལ་གྱི་བོགས་གཏོང་ཀུང་སི། མ་རྩ་བསྡུ་སྒྲིལ་རང་བཞིན་གྱི་ཁག་ཐེག་ཀུང་སི། དམངས་གཉེར་དངུལ་ཁང་། རང་ཚུཌ་ཁྲིམས་མིའི་ཐད་ཚོང་དངུལ་ཁང་བཅས་དངུལ་རྩའི་སྒྲིག་གཞི་རིཌ་བཅུའི་ཡིད་རྟོན་འདྲི་རྩད་ཀྱི་ཞབས་ཞུའི་འགྲོ་གྲོན་ཆག་ཡང་དང་རྩ་ཆག་གཏོང་རྒྱུ་ཡིན་པ་དེའི་ནང་ཁེ་ལས་ཀྱི་ཡིད་རྟོན་སྙན་ཞུ་དང་མི་སྒེར་གྱི་ཡིད་རྟོན་སྙན་ཞུ་འདྲི་རྩད་ཀྱི་ཞབས་ཞུའི་འགྲོ་གྲོན་ཚུད་ཡོད་པ་རེད།