《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月03日

ཁྲེན་ཅིང་། ཧོ་ཧྲེན་ཧྲན་སྨན་ཁང་གི “སྒམ་ནན”སྨན་གཡོག་དཔོན།

འདི་ག་ཚགས་པར་གྱི་གསར་འགོད་པ། ཤན་ཀན་གྱིས།

↑ འདི་ནི་ཟླ་2ཚེས་26ཉིན། ཧོ་ཧྲེན་ཧྲན་སྨན་ཁང་གི་ནད་ལྕིའི་གསོ་རིག་ཚན་ཁག་དང་པོའི་སྨན་གཡོག་དཔོན་ཁྲེན་ཅིང(གཡོན)གིས་སྨན་པ་དང་སྤེལ་རེས་བྱེད་བཞིན་པ།

ཁྲེན་ཅིང་གཟུགས་པོ་ཆེན་པོ་མེད་པ་དང་། ལྟ་དུས་ཉམས་ཆུང་ཞིག་ཡོད་མོད། འོན་ཀྱང་འདྲེན་བྱེད་ཟུང་དྲུང་ཤ་དོད་ལ་ལས་ཀ་འཇོན་པོ་ཞིག་ཡོད་ཅིང་། རྒྱུན་དུ་གཞན་དང་འཆམ་མཐུན་ལྡན་པའི་ཁོ་མོ་ནད་ལྕིའི་ནད་ཁང་དུ་སླེབས་མ་ཐག་ལོ་47ལ་སླེབས་པའི་ཁོང་དེ་མ་ཉིད་དུ་དོ་ནན་ལྡན་པ་ཞིག་ཏུ་གྱུར་པས་སྨན་ཁང་ནང་གི་གཅེན་གཅུང་ཚོས་ཁོ་མོར“སྒམ་ནན”སྨན་གཡོག་དཔོན་ཞེས་འབོད་ཀྱི་ཡོད།

སྨན་དོན་མི་སྣ“སྦགས་བཙོག་ཁུལ”དུ་སྐྱོད་པའི་དུག་སེལ་གྱི་གོ་རིམ་ཚང་མ་དང་། འགོག་སྲུང་བླང་བྱ་ཚང་མའི་ཐད་ཁོ་མོས་ཉིན་ལྟར་སྐད་འཛེར་འཛེར་བརྗོད་པ་དང་མི་རེ་རེ་བཞིན་ལ་བརྗོད་ཅིང་། ཁོ་མོས“ཉིན་གཅིག་ལ་ཐེངས་2བཤད་པས་མ་འགྲིག་ན། ངས་ཐེངས་200ཤོད་ཀྱི་ཡོད”ཅེས་བརྗོད།

འགོག་སྲུང་གྱོན་ཆས་གོན་པ་དང་། ལོགས་འཇོག་གྱོན་ཆས་གོན་པ། གདོང་རས་དཀྲི་བ། མིག་སྲུང་མིག་ཤེལ་རྒྱག་པ་སོགས་ཀྱི་ལས་ཀའི་གོ་རིམ་ཆེ་ཆུང་བཅུ་ཕྲག་ཁ་ཤས་ནང་། སྨན་པ་ཡིན་ནའང་འདྲ། ཡང་ན་སྨན་གཡོག་གང་ཞིག་ཡིན་རུང་ཁོ་མོས་མི་ཚང་མར་གཟབ་གཟབ་ནན་ནན་བྱེད་ཅིང་། དེའི་ནང་གི་ཚད་གཞི་གཅིག་མ་ལོན་ཚེ། ཁོ་མོའི་ས་ནས་ཐར་ཐབས་མེད།

དམག་ནང་ཞུགས་ནས་ལོ་31སོང་བའི་དམག་མི་རྒན་གྲས་དེ་སླར་ཡང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་བསྐྱོད་དེ་དམག་དཔུང་གིས་ཧུའུ་པེར་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་གི་རུ་མི་དང་། ཧོ་ཧྲེན་ཧྲན་སྨན་ཁང་གི་ནད་ལྕིའི་ནད་ཁང་གི་ཚན་ཁག་དང་པོའི་སྨན་གཡོག་དཔོན་ལ་གྱུར་པ་རེད། ཟླ་1ཚེས་24ཉིན་གྱི་གནམ་གང་ཐོ་རེངས་ཆུ་ཚོད་4པ་ལྷག་ཙམ་ལ་རྒྱུན་དུ་གཉིད་ཡག་པོ་མི་ཁུག་པའི་ཁྲེན་ཅིང་གཉིད་ཕྲན་ཙམ་ཁུག་མ་ཐག་གློ་བུར་དུ་ཛ་དྲག་ཆེ་བའི་ལག་ཐོགས་ཁ་པར་གྱི་སྒྲ་ལས་གཉིད་སད། ཁ་པར་དེ་ནི་སྨན་ཁང་སྨན་གཡོག་པུའི་ཀྲུའུ་རེན་ཧྥེང་ཧྥེ་ཡིས་བརྒྱབ་པ་ཡིན་ཞིང་། རྒྱུན་དུ་བབ་བརླིང་ལྡན་པའི་ཧྥེང་ཧྥེ་ཡིས་དངངས་འཚབ་ཆེན་པོས་ཁོ་མོར་ཆུ་ཚོད་གཅིག་གི་དུས་ཚོད་ནང་ཝུའུ་ཧན་ལ་རོགས་སྐྱོར་བྱེད་མཁན་སྨན་གཡོག་གི་མིང་ཐོ་གོང་ཞུ་བྱེད་དགོས་པའི་བརྡ་བཏང་བ་རེད།

ཁོ་མོས་ད་ཐེངས་ཀྱི་རིམས་ནད་དེ་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པ་ཤེས་པས་སྔ་ས་ནས་བསམ་བློའི་གྲ་སྒྲིག་ཡོད། ད་ཐེངས་ཀྱི་ལས་འགན་གཞན་དང་མི་འདྲ་བར་ཧ་ཅང་ལྕི་པོ་ཞིག་ཡོད་པས། ངེས་པར་དུ་འོས་མི“འཕྲལ་མ་ཉིད་དུ”གཏན་འཁེལ་བྱེད་དགོས་ཀྱི་ཡོད། ཁོ་མོས་དང་ཐོག་རང་ཉིད་ཀྱི་མིང་དཔོད་ཅིང་། རང་ཉིད་སྨན་གཡོག་དཔོན་ཡིན་ལ་སྨན་བཅོས་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པ་དང་། 2014ལོར་ཁོ་མོ་ཐག་རིང་ཨ་ཧྥེ་རི་ཁའི་ལི་པེ་རི་ཡར་ཨེ་པོ་ལའི་རིམས་ནད་འགོག་རྒོལ་བྱེད་པར་བསྐྱོད་མྱོང་ཡོད། 2018ལོར་ཁོ་མོ་ཞི་བདེ་གྲུ་གཟིངས་སྨན་ཁང་དང་མཉམ་དུ་དུས་ཡུན་ཟླ་8ལྷག་ཙམ་གྱི“ཞི་མཐུན་གྱི་འགན་འཁྲི། 2018ལོ”ལས་འགན་བསྒྲུབས་ཡོད་པ་རེད།

ཁོ་མོ་ནི་འོས་ཤིང་འཚམ་པའི་གདོང་མཆོང་པ་ཞིག་རེད། ཆུང་མའི་གཤིས་ཀ་ཁྱོ་བོས་གསལ་ཤོས་ཤེས་ཞིང་། ཝུའུ་ཧན་དུ་སློབ་ཆེན་འགྲིམ་མྱོང་བའི་ཁོང་གི་ཁྱོ་བོས་སྐད་ཤུགས་ཆུང་ངུའི་སྒོ་ནས“དེ་སྔ་ཕྱི་རྒྱལ་དུ་འགྲོ་དོན་ཚང་མ་གཞན་གྱི་ཆེད་དུ་རེད། ད་ཐེངས་ང་ཚོའི‘ནང་མིའི་ཆེད་དུ’དམག་རྒྱག་པར་འགྲོ་དགོས་ངེས་ཡིན་པས། ངས་རྒྱབ་སྐྱོར་བྱེད་ཀྱི་ཡིན”ཞེས་བརྗོད། ཁྲེན་ཅིང་གིས་སྐད་ཆ་དེ་ཐོས་རྗེས་སེམས་འགུལ་ཆེན་པོ་ཐེབས་པ་དང་། ཁོ་མོའི་སེམས་ནང་གང་མགྱོགས་འོས་མི་གཞན་དག་གཏན་འཁེལ་བྱུང་ནས་རེ་རེ་བཞིན་ལ་ཁ་པར་བརྒྱབ་ནས་བརྡ་ཐོ་བཏང་བ་རེད།

ཝུའུ་ཧན་དུ་འབྱོར་རྗེས་ཁོ་མོས་སྨན་གཡོག་རུ་ཁག་གི་སྣེ་ཁྲིད་དེ་ནད་གཞི་ལྕི་བའི་ནད་ཁང་གི་སྨན་བཅོས་ལས་འགན་རྩིས་བླངས་པ་རེད། ནད་སྐྱོང་ལས་ཀ་བྱེད་སྐབས་ཉིན་མཚན་མེད་པར་ནད་པར་ལྟ་སྐྱོང་བྱེད་དགོས་པས། ནད་དུག་འགོ་བའི་ཉེན་ཁ་དེ་བས་ཆེ་བ་ཡོད། ཐེངས་ཤིག་ཚ་བ་རྒྱས་པའི་ནད་པ་ཞིག་གི་མགྲིན་པ་གཙང་འཁྲུད་བྱེད་སྐབས་ནད་པའི་ཁ་ལུད་ཁྲེན་ཅིང་གི་འགོག་སྲུང་ངོ་ཆས་ཐོག་ཐོར་བ་རེད། ཁོ་མོས་ངང་རྒྱུད་རིང་པོས་ནད་པའི་ལུད་པ་གཙང་མ་བཟོས་པ་རེད། ནད་པ་གཞན་ཞིག་ལ་ལྟོ་ཆས་སྟེར་སྐབས་ནད་པ་དེ་གློ་བུར་དུ་སྐྱུག་སྐབས་ཁྲེན་ཅིང་གིས་སེམས་གསོ་གཏོང་ཞོར་དུ་ནད་ཁྲིའི་འོག་གི་དུང་བན་བཏོན་ནས་དེའི་ཐོག་ཆུ་དྲོད་མོ་བླུགས་ཏེ་ནད་པའི་ངོ་གདོང་དང་ལག་པ་གཙང་མ་བཀྲུས་པ་རེད། ནད་པ་དེ་གཟུགས་པོ་སྐྱོ་པོ་ཡོད་རུང་། སྔར་བཞིན་མཐེ་བོང་བསྒྲེངས་ནས་ཁྲེན་ཅིང་ལ་བསྔགས་བརྗོད་བྱས་པ་རེད།

(པ་ཚེས་བསྒྱུར། པ་དཀོན་གྱིས་ཞུས)