《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月11日

མཚོ་སྔོན་གྱི་ཁག་དང་པོའི་ཏོག་གསར་གློ་ཚད་ཕོག་མཁན་3དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་པ།

འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཚེས་5ཉིན་གྱི་སྔ་དྲོ། མཚོ་སྔོན་ཞིང་ཆེན་གྱི་ཁག་དང་པོའི་ཏོག་གསར་གློ་ཚད་ཕོག་མཁན་3མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་པ་ནས་དྲག་སྐྱེད་བྱུང་སྟེ་དོན་པ་དང་ནད་པ་གསུམ་པོ་ཁྱིམ་ཚང་གཅིག་ཡིན་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱི་ཁག་དང་པོའི་སྨན་ཁང་ནས་དོན་མཁན་ནི་མཱ་ཆེ་གེ་མོ་དང་ཁོང་གི་བཟའ་ཟླ་དང་བུ་ཆུང་བ་བཅས་རེད། མཱ་ཆེ་གེ་མོ་ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་སྐུ་འབུམ་རྫོང་ཧྲང་ཤིན་ཀྲོང་གྲོང་རྡལ་ཧྲང་ཞ་མོན་གྲོང་ཚོའི་མི་ཡིན་པ་དང་། ཝུའུ་ཧན་གྲོང་ཁྱེར་དུ་ཟ་ཁང་བཙུགས་ཡོད་པ་དང་། བུ་ཆུང་བ་ཝུའུ་ཧན་དུ་སློབ་ཆུང་འགྲིམ་བཞིན་ཡོད།

མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་པའི་ཡོན་ཀྲང་ཁྲི་ཨའེ་ཆིས་ངོ་སྤྲོད་བྱས་པར་གཞིགས་ན། ལས་ཀའི་དུས་ཚོད་ཉིན་8ནང་བློ་རྩེ་གཅིག་སྒྲིམ་གྱིས་སྨན་བཅོས་དང་ནད་གཡོག་ཡག་པོ་རྒྱུག་པ་བརྒྱུད། ནད་པ་3པོའི་ན་ཚ་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད། དབུགས་ལམ་གྱི་ནད་རྟགས་ལེགས་སུ་ཕྱིན་པ་དང་། གློ་བའི་ནད་རྟགས་སྤྱིར་ན་ཡོངས་སུ་བཅོས་ནས་རྫས་འགྱུར་བརྟག་ཞིབ་ཀྱི་སྟོན་རྟགས་ཁག་རྒྱུན་གཏན་ལྟར་ཆགས་པ་དང་། ཉིང་སྐྱུར་ལྟ་ཞིབ་ཐེངས་གཉིས་བྱས་པ་ཚང་མར་ནད་རྟགས་མངོན་མེད་པ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཏོག་གསར་གློ་ཚད་གཏན་འཁེལ་ནད་དཔེའི་ཁོངས་ནས་འཐེན་ཏེ་ལོགས་སུ་འཇོག་མི་དགོས་པ་དང་། སྨན་ཁང་ནས་དོན་པའི་ཚད་གཞི་དང་མཐུན་ཡོད། ནད་པ་སྨན་ཁང་ནས་དོན་རྗེས་རང་འགུལ་ངང་ཉིན་14ཁྱིམ་དུ་ལོགས་སུ་འཇོག་རྒྱུ་རེད།

མཚོ་སྔོན་གྱི་ཁག་དང་པོའི་ནད་པ་བདེ་བླག་ངང་སྨན་ཁང་ནས་དོན་པ་དེས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་དང་སྨན་དོན་མི་སྣས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རིམས་ནད་ལས་རྣམ་པར་རྒྱལ་བའི་ཡིད་ཆེས་དང་ཆོད་སེམས་ཆེས་ཆེར་འཕེལ་ནས་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཡིད་ཆེས་སྔར་བས་བརྟན་དུ་དང་། ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་འགོག་བཅོས་བཅས་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན་ཡོད།