《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月05日

བོད་ཀྱི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་13གྱིས་རིམས་ནད་སྨན་བཅོས་ཀྱི་ཉལ་ཁྲི་500ཙམ་གྲ་སྒྲིག་བྱས་པ།

འདི་ག་ཚགས་པར་ཁང་དུ་ཟླ་2ཚེས་3ཉིན་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཤེས་རྟོགས་བྱུང་བར། མིག་སྔར། བོད་རང་སྐྱོང་ལྗོངས་ཀྱི་ལྗོངས་ཡོངས་ཀྱི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་13གྱིས་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་སྨན་བཅོས་ཀྱི་ཉལ་ཁྲི་500ཙམ་གྲ་སྒྲིག་བྱས་ཡོད་པ་དང་ཆབས་ཅིག འགོ་ནད་དང་། ཚབས་ཆེའི་ནད། དབུགས་ལམ་སོགས་ཀྱི་ཆེད་བཅོས་ཚན་ཁག་གི་སྨན་དོན་མི་སྣ་1100ལྷག་ལས་གྲུབ་པའི་སྨན་བཅོས་རུ་ཁག་གྲ་སྒྲིག་ཨང་གསར་བྱས་ཡོད་ལ། འབྲེལ་ཡོད་སྒྲིག་ཆས་ཀྱང་སྤྱིར་ན་བཀོད་སྒྲིག་ཟིན་ཡོད་པ་རེད།