《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月05日

ཨ་རབ་མནའ་འབྲེལ་གྱིས་ཨ་་སྲིད་གཞུང་གི“དབུས་ཤར་ཞི་བདེའི་འཆར་གཞི་གསར་པ”དང་ལེན་མི་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་་་ནས་ཟླ་2ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཚེས་1ཉིན་ཁེ་རོར་འཚོགས་པའི་ཨ་རབ་མནའ་འབྲེལ་གྱི་ཕྱི་འབྲེལ་པུའུ་ཀྲང་གི་ཛ་དྲག་ཚོགས་འདུའི་ཐོག་ཨ་་སྲིད་གཞུང་གིས་བཏོན་པའི“དབུས་ཤར་ཞི་བདེའི་འཆར་གཞི་གསར་པ”དང་ལེན་མི་བྱེད་པར་ཕ་་་ཐན་གྱི་ཁྲིམས་མཐུན་ཁེ་དབང་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།

ཨ་རབ་མནའ་འབྲེལ་གྱིས་ཚོགས་འདུ་གྲོལ་རྗེས་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་། ཨ་རི་སྲིད་གཞུང་གིས་བཏོན་པའི“དབུས་ཤར་ཞི་བདེའི་འཆར་གཞི་གསར་པ”དེ་ཕ་ལེ་སི་ཐན་མི་དམངས་ཀྱི་གཞི་རྩའི་ཁེ་དབང་དང་བསམ་འདུན་དང་མི་མཐུན་ལ། རྒྱལ་སྤྱིའི་བཅའ་ཁྲིམས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་ལས་བརྒལ་བ་ཞིག་ཡིན་པས་ཨ་རབ་མནའ་འབྲེལ་གྱིས་འཆར་གཞི་དེ་དང་ལེན་བྱེད་ཀྱི་མིན་ཞེས་འཁོད་ཡོད།

སྤྱི་བསྒྲགས་ནང“རྒྱལ་ཁབ་གཉིས་ཀྱི་ཇུས་གཞི”དེ་ཕ་དབྱིའི་ཞི་བདེའི་འཕེལ་རིམ་གྱི་རྨང་གཞིར་བརྩིས་ནས་ཞི་བདེ་ཡོང་རྒྱུ་མཐའ་འཁྱོངས་བྱེད་པ་ནི་འགལ་བ་ཐག་གཅོད་བྱེད་པའི་གདམ་ག་ཞིག་ཡིན་ཞེས་ནན་བཤད་བྱས་ཡོད།

སྤྱི་བསྒྲགས་ནང་དབྱི་སི་རལ་གྱིས་ཕྱོགས་རྐྱང་པ་ནས་འཆར་གཞི་དེ་ལག་བསྟར་བྱེད་མི་རུང་ཞེས་ཐ་ཚིག་བསྒྲགས་ཡོད།

ཕ་ལེ་སི་ཐན་གྱི་མི་རིགས་དབང་ཆའི་སྒྲིག་གཞིའི་རེ་བ་ལྟར། ཨ་རབ་མནའ་འབྲེལ་གྱིས་ཉིན་དེར་ཛ་དྲག་གི་ཕྱི་འབྲེལ་པུའུ་ཀྲང་གི་ཚོགས་འདུ་འཚོགས་ཏེ། ཉིན་ཤས་གོང་ཨ་རི་སྲིད་གཞུང་གིས་བཏོན་པའི་ཕ་དབྱིའི་གནད་དོན་ཐག་གཅོད་བྱེད་པའི་ཆེད་ཡིན་ཟེར་བའི“དབུས་ཤར་ཞི་བདེའི་འཆར་གཞི་གསར་པར”གྲོས་བསྡུར་བྱས་ཤིང་། ཕ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སིས་ཚོགས་འདུའི་ཐོག་ཕ་ལེ་སི་ཐན་ཕྱོགས་ཀྱིས་འཆར་གཞི་དེ་དང་ལེན་མི་བྱ་རྒྱུ་དང་ཆབས་ཅིག དབྱི་སི་རལ་དང་ཨ་རི་དང་འབྲེལ་བ་ཡོངས་རྫོགས་གཅོད་རྒྱུའི་རྟགས་མཚན་ཡང་བསྟན་པ་རེད།

ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་ཟླ་1ཚེས་28ཉིན་ཡོངས་བསྒྲགས་བྱས་པའི་འཆར་གཞིར་གཞིགས་ན། ་ས་ས་ལེམ་ནི་ད་་རལ་གྱི“ཁ་འབྲལ་ཐབས་མེད་པའི་རྒྱལ་ས”ཡིན་པ་དང་ཕ་ལེ་སི་ཐན་རྒྱལ་ཁབ་ཀྱིས་མ་འོངས་པར་ཤར་་ས་ས་མ་གྱི་ས་ཁུལ་འགར་རྒྱལ་ས་འཛུགས་རྒྱུ་ཡིན་པ་འཁོད་ཡོད། འཆར་གཞི་ཡོངས་བསྒྲགས་བྱས་རྗེས། དབྱི་སི་རལ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱས་ནའང་ཕ་ལེ་སི་ཐན་ཕྱོགས་ཀྱིས་དང་ལེན་བྱས་མེད།

(ཚེ་ལྷས་བསྒྱུར། སྤེན་ཚེས་ཞུས)