《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月05日

འཛམ་གླིང་ཡུལ་སྐོར་རྩ་འཛུགས་ཀྱིས་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ལ་ཀྲུང་གོ་སྲིད་གཞུང་གིས་མགྱོགས་མྱུར་དང་བློ་ཐག་ཆོད་པོས་ཁ་གཏད་བཅག་ཡོད་ཅེས་བརྗོད་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མ་ཏེ་རི་ནས་གློག་འཕྲིན་འབྱོར་གསལ། སྤྱི་ཁྱབ་པུའུ་མ་ཏེ་རིར་གནས་པའི་འཛམ་གླིང་ཡུལ་སྐོར་རྩ་འཛུགས་ཀྱིས་ཉིན་ཤས་གོང་གསལ་བསྒྲགས་སྤེལ་ནས། ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ལ་ཀྲུང་གོ་སྲིད་གཞུང་གིས་མགྱོགས་མྱུར་དང་བློ་ཐག་ཆོད་པོས་ཁ་གཏད་བཅག་ཡོད། འགྲན་སློང་གི་དུས་སྐབས་འདིར་འཛམ་གླིང་ཡུལ་སྐོར་རྩ་འཛུགས་ཀྲུང་གོ་མི་དམངས་དང་ཀྲུང་གོ་སྲིད་གཞུང་དང་དེ་བཞིན་ཡུལ་སྐོར་ལས་རིགས་བཅས་དང་རྡོག་རྩ་གཅིག་ཏུ་སྒྲིལ་ཡོད་ཅེས་བརྗོད།

འཛམ་གླིང་ཡུལ་སྐོར་རྩ་འཛུགས་ཀྱི་གསལ་བསྒྲགས་ནང་ཀྲུང་གོ་དེ་ཉེ་བའི་ལོ་ཤས་རིང་གོ་ལ་ཧྲིལ་པོའི་ཡུལ་སྐོར་ལས་རིགས་ཀྱི་གཙོ་ཁྲིད་སྟོབས་ཤུགས་སུ་གྱུར་ཡོད། ཀྲུང་གོ་ད་རེས་ཀྱི་རིམས་ནད་ཁྲོད་ནས་སླར་གསོ་ཡོང་བའི་བརྒྱུད་རིམ་ནང་ཡུལ་སྐོར་ལས་རིགས་ཀྱིས་དེ་སྔ་ཐེངས་མང་ར་སྤྲོད་བྱས་པ་ལྟར་ཕན་པ་གལ་ཆེན་མཁོ་འདོན་བྱ་རྒྱུ་རེད་ཅེས་བརྗོད་ཡོད།

གསལ་བསྒྲགས་ནང་ནད་དུག་མཆེད་རྒྱུ་བཀག་འགོག་དང་དེ་བཞིན་དེས་མིའི་རིགས་ལ་ཤུགས་རྐྱེན་ངན་པ་ཐེབས་རྒྱུ་བཀག་འགོག་བྱེད་པའི་ཐད་ཡུལ་སྐོར་ལས་རིགས་ཀྱི་མཉམ་ལས་ནི་ཧ་ཅང་གལ་ཆེན་པོ་རེད། ཡུལ་སྐོར་བར་ཕྱིར་མ་སྐྱོད་གོང་རིམས་ནད་ཀྱི་འབྲེལ་ཡོད་གནས་ཚུལ་ཤེས་རྟོགས་གང་ལེགས་བྱེད་པའི་འགན་འཁྲི་ཡོད་ལ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་རང་་གནས་སའི་རྒྱལ་ཁབ་ཀྱི་འཕྲོད་བསྟེན་སྡེ་ཚན་གྱི་གྲོས་འགོ་དང་བླང་བྱར་བརྩི་སྲུང་ཞུ་དགོས་ཞེས་བསྟན་ཡོད།

གསལ་བསྒྲགས་ནང་། ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་མཆེད་ཚུལ་ལ་འཛམ་གླིང་ཡུལ་སྐོར་རྩ་འཛུགས་ཀྱིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་མོད། ཡིན་ནའང་གོ་ལ་ཧྲིལ་པོའི་ཡུལ་སྐོར་ལས་རིགས་ཡོངས་ལ་རིམས་ནད་ཀྱིས་ཤུགས་རྐྱེན་ཐེབས་པ་ཚོད་སྐོར་བྱེད་པ་ད་ལྟ་སྔ་དྲགས་ཡོད་པའི་ནན་བཤད་བྱས་ཡོད།