《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月05日

ཕྱི་འབྲེལ་པུས།

རྒྱལ་ཁབ་11དང་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱིས་ཀྲུང་གོར་ཞལ་འདེབས་བརྒྱབ་པའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་ཀྲུང་གོར་འབྱོར་བྱུང་ཞེས་བརྗོད་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཚེས་3ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས། ཟླ་2ཚེས་2ཉིན་གྱི་ཉིན་དགུང་བར་རྒྱལ་ཁབ་11དང་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱིས་ཀྲུང་གོ་ཕྱོགས་ལ་ཞལ་འདེབས་བརྒྱབ་པའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་ཀྲུང་གོར་འབྱོར་བས་རྒྱལ་ཁབ་ཁག་དང་དེ་བཞིན་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་ཀྲུང་གོའི་རིམས་ནད་འགོག་རྒོལ་ཐད་བསམ་ཤེས་དང་རྒྱབ་སྐྱོར་གནང་བར་ཀྲུང་གོ་ཕྱོགས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།

ཧྭ་ཁྲུན་ཡིང་གིས་དེ་ཉིན་འཚོགས་པའི་ཕྱི་འབྲེལ་པུའི་དྲ་ཐོག་གི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་བརྗོད་དོན། ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ཐོན་པ་ནས་བཟུང་། རྒྱལ་ཁབ་ཁག་གཅིག་གིས་བྱེད་ཐབས་མི་འདྲ་བའི་ཐོག་ནས་ཀྲུང་གོར་རིམས་ནད་འགོག་རྒོལ་ཐད་བསམ་ཤེས་དང་རྒྱབ་སྐྱོར་བྱས་ཡོད། ཟླ་2ཚེས་2ཉིན་གྱི་ཉིན་དགུང་བར་ཧན་གོ་དང་། རི་པིན། དབྱིན་ཇི། ཧྥ་རན་སེ། ཐུར་ཁེ། ཕ་ཁི་སི་ཐན། ཧ་སག་སི་ཐན། ཧང་ག་རི། དབྱི་རན། བྷེ་ཨུ་རུ་སུ། ཧིན་རྡུ་ཉི་ཞི་ཡ་བཅས་རྒྱལ་ཁབ་11དང་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱིས་ཀྲུང་གོ་ཕྱོགས་ལ་ཞལ་འདེབས་བརྒྱབ་པའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་ཀྲུང་གོར་འབྱོར་བྱུང་། གཞན་ཡང་རྒྱལ་ཁབ་ཁག་གཅིག་གི་མཛའ་གྲོགས་མི་སྣས་ཀྱང་བྱེད་ཐབས་སྣ་ཚོགས་བརྒྱུད་ཀྲུང་གོའི་རིམས་ནད་འགོག་རྒོལ་ཐད་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།