《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月04日

རྒྱལ་ཁབ་མང་པོའི་སྲིད་ཕྱོགས་མི་སྣ་གལ་ཆེན་གྱིས་ཀྲུང་གོས་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་པའི་ཡིད་ཆེས་ཡོད་ཅེས་བརྗོད་པ།

⇑ འདི་ནི་ཁེན་ནི་ཡའི་སྲིད་འཛིན་ཏང་ཀྲུའུ་པི་ལི་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་ནང་བློན་ཁང་གི་ལས་འགན་ཅི་ལྕོགས་པུའུ་ཀྲང་ལཱ་ཧྥེར·ཐུའུ་ཀྲོའུ་ཡིས་ནེ་རོ་པིར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་བཞིན་པ།

⇑ འདི་ནི་ཧིན་རྡུ་ཉི་ཞི་ཡའི་ཅ་ཁར་ཐར་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་དྲུང་ཆེ་གཞོན་པ་ཁང་ཕུའུ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་བཞིན་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོས་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པར་མིག་ལྡན་ཀུན་གྱིས་དོ་ཁུར་བྱེད་ཀྱི་ཡོད། ཉིན་ཤས་བསྟུད་མར། རྒྱལ་ཁབ་མང་པོའི་སྲིད་ཕྱོགས་མི་སྣ་གལ་ཆེན་གྱིས་ཀྲུང་གོས་རིམས་ནད་འགོག་རྒོལ་ཐད་བྱ་ཐབས་ནུས་ལྡན་སྤྱད་པར་གདེང་འཇོག་མཐོ་པོ་བྱས་པ་མ་ཟད། ཀྲུང་གོས་རིམས་ནད་འགོག་རྒོལ་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་མ་ཟད། སྔ་ཙམ་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོད་ཅེས་བརྗོད་ཡོད་པ་རེད།

ཁེན་ནི་ཡའི་སྲིད་འཛིན་ཏང་ཀྲུའུ་པི་ལི་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་ནང་བློན་ཁང་གི་ལས་འགན་ཅི་ལྕོགས་པུའུ་ཀྲང་ལཱ་ཧྥེར·ཐུའུ་ཀྲོའུ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། རིམས་ནད་ལ་འགོག་རྒོལ་བྱེད་རིང་ཀྲུང་གོ་སྲིད་གཞུང་གིས་བྱ་ཐབས་ནན་པོ་སྤྱད་པ་དང་། ཀྲུང་གོ་མི་དམངས་ཀྱི་བློ་སྟོབས་དང་འགན་འཁྲིར་བསྔགས་བརྗོད་ཞུ་འོས་པ་ཞིག་འདུག “ཀྲུང་གོས་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན་པ་ངར་ཡིད་ཆེས་ཡོད། ཀྲུང་གོ་ཤུགས་རྒྱོབ། ཝུའུ་ཧན་ཤུགས་རྒྱོབ”ཅེས་བརྗོད་པ་རེད།

འར་་ཡའི་ཕྱི་འབྲེལ་པུའུ་ཀྲང་ཏ་ཝེ་ཏེ·ཀྲར་ཁ་ལི་ཡ་ཉིས་སྤྱི་ཚོགས་ཀྱི་འབྲེལ་བའི་སྨྱན་སྦྱོར་ཐུའེ་ཐེའི་ཐོག“ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་གློ་བུར་དུ་ཐོན་པའི་སྐབས་སུ་ང་ཚོས་ཀྲུང་གོའི་གྲོགས་པོ་རྣམས་ལ་ཞུ་འདོད་པ་ཞིག་ལ་འཇོར་ཇི་ཡ་དང་ཁྱེད་ཚོ་མཉམ་དུ་གནས་ཡོད། ང་ཚོས་མུ་མཐུད་མཉམ་ལས་བྱས་ཏེ། མཉམ་དུ་རིམས་ནད་མཆེད་རྒྱུ་གཏན་འགོག་བྱ་རྒྱུ་ཡིན་ཞེས་བྲིས་ཡོད།

་འི་འཕྲོད་བསྟེན་པུའུ་ཀྲང་ཧའེ་མའེ·མ་ན་ལི་ཆིས་ཆི་ལིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཞུས་པུའུ་དང་ཐུག་འཕྲད་བྱེད་སྐབས་ཀྲུང་གོ་སྲིད་གཞུང་གིས་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ཁྱབ་བསྒྲགས་དང་ནད་དུག་གི་གཞི་རྒྱུའི་གོ་རིམ་མཉམ་སྤྱོད་སོགས་ཀྱི་ཐད་ཡོངས་བསྒྲགས་ཁ་གསལ་དང་རིམས་ནད་ལ་ཁ་གཏད་གཅོག་པའི་བྱ་ཐབས་ནུས་ལྡན་མགྱོགས་མྱུར་བཏོན་པ་བཅས་ལ་མི་རྣམས་དགའ་མགུ་ཡི་རང་ཞུ་དགོས་པ་ཞིག་འདུག ཀྲུང་གོ་ཕྱོགས་ཀྱིས་རིམས་ནད་ཚོད་འཛིན་ནུས་ལྡན་ཐུབ་རྒྱུ་མ་ཟད་མཐར་དེ་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན་པ་ཆི་ལི་སྲིད་གཞུང་ལ་ཡིད་ཆེས་བརྟན་པོ་ཡོད་ལ་ཀྲུང་གོ་ཕྱོགས་དང་འབྲེལ་བ་དམ་ཟབ་རྒྱུན་འཁྱོངས་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་མཐུན་སྦྱོར་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བརྗོད།

ཨུ་རུ་སུའི་རྒྱལ་ཁབ་ཏུའུ་མ(གྲོས་ཚོགས་འོག་མ)སློབ་གསོ་དང་ཚན་རིག་ཨུ་ལྷན་གྱི་ཀྲུའུ་ཞི་གཞོན་པ་དང་པོ་ཨུ་རུ་སུའི་གསོ་རིག་ཚན་རིག་ཁང་གི་ཡོན་ཧྲི་ཀེན་ན་ཅི·ཨའོ་ཉི་ཤན་ཁའོ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ཀྲུང་གོས་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་བརྒྱུད་རིམ་ནང་སྒོ་དབྱེ་དང་། ཁ་གསལ། འགན་འཁུར་བ་བཅས་ཀྱི་རྣམ་འགྱུར་དང་དེ་བཞིན་བྱ་ཐབས་ནུས་ལྡན་སྤྱད་པར་བསྔགས་བརྗོད་བྱ་རྒྱུ་ཡིན། འབྲེལ་ཡོད་ཆ་འཕྲིན་ཡོངས་བསྒྲགས་བྱས་པ་ལས་རིམས་ནད་ཞིབ་འཇུག་ཐད་ཕན་ཐོགས་ཆེན་པོ་བྱུང་ཡོད་ཅེས་བརྗོད།

ཨོ་སི་ཁྲུ་རི་ཡའི་ཙུང་ཐུང་ཟུར་པ་ཨོ་ཀྲུང་མཛའ་གྲོགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཧའེ་དབྱིན་ཚེ·ཧྥེ་ཧྲེར་ཡིས་ཀྲུང་གོས་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པའི་འཕེལ་རིམ་ལ་ངས་རྟག་ཏུ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ཨོ་སི་ཁྲུ་རི་ཡ་མ་གཞི་རྒྱལ་ཁབ་ཆུང་ཆུང་ཞིག་ཡིན་རུང་ཁྱེད་ཚོར་སེམས་ཁྲལ་བྱེད་ཀྱི་ཡོད་པ་ཀྲུང་གོའི་མི་དམངས་ཚོས་ཤེས་པའི་རེ་བ་བྱེད་ཀྱི་ཡོད། ང་ཚོས་འབྲེལ་ཡོད་མི་ཡོད་དོ་ཅོག་དང་སྐྱིད་སྡུག་མཉམ་མྱོང་བྱ་རྒྱུ་ཡིན་ལ་རང་ནུས་གང་ཡོད་ཀྱིས་རོགས་རམ་བྱ་རྒྱུ་ཡིན། ཕྱོགས་ཁག་གིས་འབད་འཐབ་བྱས་ཚེ་རིམས་ནད་གང་མགྱོགས་ཚོད་འཛིན་ཐུབ་རྒྱུ་མ་ཟད། མཐར་དེ་ལས་ཡོངས་སུ་རྣམ་པར་རྒྱལ་ཐུབ་ངེས་ཀྱི་ཡིད་ཆེས་བརྟན་པོ་ཡོད་ཅེས་བརྗོད།

ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་དྲུང་ཆེ་གཞོན་པ་ཁང་ཕུའུ་ཡིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཏེང་ཤི་ཅུན་དང་ཐུག་འཕྲད་བྱེད་སྐབས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་ཀྲུང་གོ་སྲིད་གཞུང་གིས་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཆོད་སེམས་དང་ནུས་པར་བརྩི་འཇོག་དང་ཡིད་སྨོན་ཞུ་རྒྱུ་ཡིན། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོས་སྤྱི་པའི་འཕྲོད་བསྟེན་ཁྱབ་ཁོངས་ཁྲོད་མཉམ་ལས་བཟང་པོ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་ཀྱི་ཡོད། རིམས་ནད་ཐོན་རྗེས་ཀྲུང་གོ་ཕྱོགས་ཀྱིས་དུས་ཐོག་ཏུ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དྲུང་ཡིག་ཁྲུའུ་ལ་འབྲེལ་ཡོད་ཆ་འཕྲིན་བརྡ་ཁྱབ་བཏང་ནས་ཀྲུང་གོའི་སྒོ་དབྱེ་དང་འགན་འཁུར་བའི་གཟུགས་བརྙན་བཟང་པོ་མངོན་པར་བྱས་ཡོད་པས། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་དོན་དེར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ལ་ཕྱོགས་ཁག་ཚང་མས་ལག་གདང་སྦྲེལ་ནས་ཁ་གཏད་གཅོག་དགོས། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་ཀྲུང་གོ་ཁྱིམ་མཚེས་ཡིན་པའི་ངོས་ནས་ཀྲུང་གོ་ཕྱོགས་དང་རིམས་ནད་ལ་ཁ་གཏད་གཅོག་པའི་ཐད་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་མཉམ་དུ་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་པ་བྱ་རྒྱ་ཡིན་ཞེས་བརྗོད། (པ་ཕན་གྱིས་བསྒྱུར། བསྟན་བློ་དང་པ་ཕན་གྱིས་ཞུས)