《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月21日

རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་རྒྱལ་སྤྱིའི་ཁྲོམ་རར་དབྱིན་པང་བུ་ལོན་ཐེངས་དང་པོ་གྲུབ་འབྲས་ཐོབ་པའི་ངང་བཏང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་རྒྱལ་ཁབ་གསར་སྤེལ་དངུལ་ཁང་ནས་ཤེས་རྟོགས་བྱུང་བར། རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་ཉིན་ཤས་གོང་རྒྱལ་སྤྱིའི་ཁྲོམ་རར་དབྱིན་པང་བུ་ལོན་སྒོར་དུང་ཕྱུར་10གྲུབ་འབྲས་ཐོབ་པའི་སྒོ་ནས་བཏང་བ་དེ་ནི་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་བཏང་བའི་དབྱིན་པང་བུ་ལོན་ཁག་དང་པོ་དེ་ཡིན་པ་རེད།

དབྱིན་པང་བུ་ལོན་དེའི་དུས་ཚད་ལོ་3ཡིན་པ་དང་། འཛིན་ངོས་སྐྱེད་ཚད་1.25%ཡིན་པ། མངགས་ཐོའི་བསྡོམས་འབོར་དབྱིན་པང་སྒོར་དུང་ཕྱུར་30ལས་བརྒལ་ཡོད་པས། ཉེ་བའི་ལོ་ཤས་རིང་དབྱིན་པང་གི་བུ་ལོན་ཁྲོམ་རར་གཏོང་ཐེངས་གཅིག་གི་གཞི་ཁྱོན་ཆེ་ཤོས་སུ་སླེབས་པ་དང་། ཚད་བརྒལ་ཉོ་སྒྲུབ་ཁས་ལེན་ལྡབ་2ཡན་ཟིན་པ་ལས་ཨེ་ཤེ་ཡ་དང་། ཡོ་རོབ། ཨ་ཧྥེ་རི་ཁ་སོགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་མ་དངུལ་འཇོག་མཁན་མང་པོའི་ཡིད་དབང་བཀུག་ཡོད།

(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། དམ་ཆོས་མི་ཕམ་གྱིས་ཞུས)