《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月21日

ན་སྨི་པི་ཡར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་གིས་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་འཚོགས་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝིན་ཏེ་ཧོ་ཁེ་ནས་ཟླ་1ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ན་སྨི་པི་ཡར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་12པས་ཚེས་16ཉིན་ན་སྨི་པི་ཡའི་རྒྱལ་ས་ཝིན་ཏེ་ཧོ་ཁེར་སྨན་བཅོས་རུ་ཁག་ཁག་13པ་དང་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་འཚོགས་པ་རེད།

ན་སྨི་པི་ཡའི་འཕྲོད་བསྟེན་པུའི་དཔོན་རིགས་དང་། སྨན་བཅོས་སྒྲིག་གཞིའི་འཐུས་མི། ན་སྨི་པི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲང་ཡེ་མིང་སོགས་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོར་ཞུགས་ཡོད་པ་རེད།

ཀྲང་ཡེ་མིང་གིས་ངོ་སྤྲོད་བྱས་དོན། སྨན་བཅོས་རུ་ཁག་ཁག་12པས་ཝིན་ཏེ་ཧོ་ཁེའི་ཁཱ་ཐུ་ཐུ་ལཱ་གཞུང་བཙུགས་སྨན་ཁང་དུ་དུས་ཡུན་ལོ་གཅིག་དང་ལོ་ཕྱེད་རིང་ནད་པ་མི་ཐེངས་ཁྲི་2ལྷག་ཙམ་ལ་སྨན་བཅོས་བྱས་པར། སྨན་ཁང་དང་ན་སྨི་པི་ཡའི་འཕྲོད་བསྟེན་པུས་བསྔགས་བརྗོད་ཆེན་པོ་བྱས་ཡོད། ཁོང་གིས། ཁཱ་ཐུ་ཐུ་ལཱ་སྨན་ཁང་གི་ཀྲུང་ལུགས་གསོ་རིག་གི་གསེར་ཁབ་ཚན་ཁག་ད་ཆ་ཀྲུང་ན་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་མཚོན་པའི་སྐར་ཁུང་ལྟ་བུར་གྱུར་ཡོད་པ་དང་། ཀྲུང་གོའི་སྨན་བཅོས་རུ་ཁག་གིས་མི་ཆོས་རིང་ལུགས་ཀྱི་སྙིང་སྟོབས་དང་ཀྲུང་གོའི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་བཏང་ནས། ཀྲུང་ན་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཟབ་ཏུ་གཏོང་བར་ལེགས་སྐྱེས་ཕུལ་ཡོད་ཅེས་བརྗོད།

ན་སྨི་པི་ཡར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ནི་ཀྲེ་ཅང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་མངགས་པ་དང་། 1996ལོ་ནས་བཟུང་ཀྲུང་ལུགས་གསོ་རིག་གི་སྨན་པ་གཉིས་དང་སྨན་གཡོག་གཉིས་བཅས་ཁག་རེར་མི་4གཏོང་གི་ཡོད། ཁག་12པ་ནས་བཟུང་ལོ་གཅིག་དང་ལོ་ཕྱེད་ལ་བརྗེ་པོ་ཐེངས་རེ་རྒྱག་པ་དང་ཝིན་ཏི་ཧོ་ཁེ་ཡི་ཁཱ་ཐུ་ཐུ་ལཱ་གཞུང་བཙུགས་སྨན་ཁང་དུ་ནད་བརྟག་སྨན་བཅོས་བྱེད་ཀྱི་ཡོད།

(དོན་གྲུབ་ཀྱིས་བསྒྱུར། དོན་གྲུབ་དང་དབང་སྒྲོལ་སྐྱིད་ཀྱིས་ཞུས)