《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月21日

“སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན”གྱི་ རིམ་སྤེལ་བྱེད་སྒོ་ཅེ་ཁེར་སྤེལ་བ།

⇐ ཉེ་ཆར། ཅེ་ཁེའི་2020བྱི་ལོའི“སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན”གྱི་རིམ་སྤེལ་བྱེད་སྒོ་ཅེ་ཁེའི་རྒྱལ་ས་ཕུ་རག་གི་ཚོགས་འདུའི་ལྟེ་གནས་སུ་སྤེལ་འགོ་ཚུཌ་པ་རེད། སི་ཁྲོན་ཞིང་ཆེན་སྒྱུ་རྩལ་ལས་རིཌ་སློབ་གླིང་གི་སྒྱུ་རྩལ་ཚོཌ་པའི་འཁྲབ་སྟོན་པ་ཚོས་ཀྲུང་ཅེའི་ལྟད་མོ་བར་ངོ་མཚར་ཆེ་བའི་འཁྲབ་སྟོན་བྱས་པ་དང་། ཀྲུང་གོའི་ཚོཌ་མཆོད་ཐོག ཀྲུང་གོའི་ཡིག་གཟུཌ་དང་རི་མོ་དང་། སེང་རྩེད་དང་འབྲུག་རྩེད། ཞབས་བྲོ་བཅས་ཡོད་པ་མ་ཟད་ད་དུང་ཀྲུང་ཧྭའི་ཞིམ་ཟས་འགྲེམས་སྟོན་སོགས་ཡོད་པས། ལྟད་མོ་བ་ཚོས་ཀྲུང་གོའི་ལོ་གསར་རིག་གནས་ཀྱི་ཡིད་དབང་འགུག་ཤུཌ་མྱོང་རོལ་ཐུབ་ཡོད། འདི་ནི་ཅེ་ཁེའི་རྒྱལ་ས་ཕུ་རག་ཏུ། མི་རྣམས་ཀྱིས་ཀྲུང་གོའི་ཚོགས་མཆོད་ཐོག་ཀྲུང་གོའི་ལོ་གསར་རིག་གནས་ཉམས་སུ་མྱོང་བའི་གནས་ཚུལ་ཡིན་པ།