《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月21日

ནེའུ་ཙི་ལན་གྱི་ཙུང་ལི་ས་གནས་དེ་གའི་ཀྲུང་གོ་བས་བྱི་ལོའི་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོར་ཞུགས་པ།

⇐ ནེའུ་ཙི་ལན་གྱི་ཀྲུང་གོ་བའི་ཚོགས་པས་ལོ་གཅིག་དུས་གཅིག་གི་དཔྱིད་གསར་བསུ་བའི་བྱེད་སྒོ“དཔྱིད་གསར་མཉམ་སྤྲོའི་ཉིན་མོ”ཉིན་ཤས་གོང་ནེའུ་ཙི་ལན་གྱི་གྲོང་ཁྱེར་ཆེ་ཤོས་ཨའོ་ཁེ་ལན་དུ་འཚོགས་པར། ནེའུ་ཙི་ལན་གྱི་ཙུང་ལི་ཅེ་ཤིན་ཏཱ·ཨཱ་ཏེ་ཨེན་གྱིས་གྱོན་ཆས་དམར་པོ་གྱོན་ནས་ཞུགས་པ་དང་། ཁོང་གིས་ཀྲུང་གོ་བས་ཕུལ་བའི་ལེགས་སྐྱེས་ལ་བསྔགས་བརྗོད་བྱས་པ་དང་སྦྲགས་ནེའུ་ཀྲུང་འབྲེལ་བ་འཐུས་ཚང་དང་བརྟན་པོ་ཡོད་པ་མ་ཟད་ཕུགས་ལ་དམིགས་ཡོད་ཅེས་བརྗོད་ཅིང་། འདི་ནི་ནེའུ་ཙི་ལན་གྱི་གྲོང་ཁྱེར་ཆེ་ཤོས་ཨའོ་ཁེ་ལན་དུ། ནེའུ་ཙི་ལན་གྱི་ཙུང་ལི་ཅེ་ཤིན་ཏཱ·ཨཱ་ཏེ་ཨེན(མདུན་གྲལ་གྱི་གཡས་ཀྱི་གཉིས་པ)“དཔྱིད་གསར་མཉམ་སྤྲོའི་ཉིན་མོའི”བྱེད་སྒོར་ཞུགས་པའི་རྣམ་པ་ཡིན་པ།