《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月21日

ཀྲུང་དབྱིའི་རིག་གནས་དང་ཡུལ་སྐོར་ལོར་ངོ་མཚར་ ཆེ་བའི་བྱེད་སྒོ་བརྒྱ་ལྷག་ཙམ་སྤེལ་རྒྱུ་ཡིན་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་རིག་གནས་དང་ཡུལ་སྐོར་པུའུ་ནས་ཤེས་རྟོགས་བྱུང་བར། ཀྲུང་དབྱིའི་རིག་གནས་དང་ཡུལ་སྐོར་ལོ་ཟླ་1ཚེས་21ཉིན་དབྱི་ཐ་ལིའི་རོ་མར་འགོ་ཚུགས་རྒྱུ་དང་། ཕྱོགས་གཉིས་པོས་མཉམ་ལས་བྱས་ནས་ལོ་ཧྲིལ་པོར་ཁྱབ་པ་དང་རྣམ་པ་སྣ་ཚོགས་ཀྱི་ངོ་མཚར་ཆེ་བའི་བྱེད་སྒོ་ཁག་བརྒྱ་ལྷག་ཙམ་སྤེལ་རྒྱུ་ཡིན་པ་རེད། དེའི་ནང་སྒྱུ་རྩལ་འཁྲབ་སྟོན་དང་། མཐོང་ཚོར་སྒྱུ་རྩལ། རིག་གནས་ཤུལ་བཞག ཡུལ་སྐོར། བསམ་བཀོད་ཇུས་འགོད་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད་པ་རེད།

ཉེ་ཆར། རིག་གནས་དང་ཡུལ་སྐོར་པུས་པེ་ཅིང་དུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། 2020ཀྲུང་དབྱིའི་རིག་གནས་དང་ཡུལ་སྐོར་ལོའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་དང་འབྲེལ་བྱེད་སྒོའི་ནང་དོན་ཁག་གཅིག་ཡོངས་བསྒྲགས་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཡུལ་སྐོར་ཐད་རྒྱལ་ཁབ་གཉིས་པོས“ཀྲུང་དབྱིའི་ཡུལ་སྐོར་མཉམ་ལས་གླེང་སྟེགས”གཉེར་རྒྱུ་དང་། རིག་གནས་ཤུལ་བཞག་ཁྱབ་ཁོངས་ཐད་ཧྲའན་ཤིས་ཞིང་ཆེན་རིག་དངོས་ཅུས་ཀྱིས་དབྱི་ཐ་ལིའི་ཕོ་བྲང་གཱ་སའེ་ཐ་དང་མཉམ་དུ“གོང་མ་ཆིང་ཧྲི་ཧོང་གི་དུར་རྫས་གྱད་རྟའི་འགྲེམས་སྟོན”གཉེར་རྒྱུ། མཐོང་ཚོར་སྒྱུ་རྩལ་ཐད། ཝེ་ཉི་སི་རྒྱལ་སྤྱིའི་བཟོ་བཀོད་ཀྱི་ལོ་གཉིས་རེའི་འགྲེམས་སྟོན་སྐབས་17པའི་རིང་ཀྲུང་གོའི་རྒྱལ་ཁབ་འགྲེམས་ཁང་གི་འགྲེམས་སྟོན་བྱེད་རྒྱུ་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2020ལོ་ནི་ཀྲུང་དབྱི་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བའི་ལོ་ཡིན་པས། ཀྲུང་དབྱིའི་རིག་གནས་དང་ཡུལ་སྐོར་ལོ་གཉེར་བ་ནི་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་དབར་བྱུང་བའི་ཐུན་མོང་ངོས་འཛིན་གལ་ཆེན་ཞིག་ཡིན་པ་དང་། དེ་ལས་དུས་རབས་གསར་པའི་ཀྲུང་དབྱིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་བས་འཕེལ་རྒྱས་འགྲོ་རྒྱུར་དམངས་འདོད་ཀྱི་རྨང་གཞི་དེ་བས་བརྟན་པོ་འདིང་རྒྱུ་ཡིན་པ་རེད།

(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། དམ་ཆོས་མི་ཕམ་གྱིས་ཞུས)