《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月17日

ཀྲུང་གོའི་མི་རིགས་རོལ་དབྱངས་འདུ་ཚོགས་ ཧན་པན་ཐོ་ཐཱ་གྲུ་ཁར་གཉེར་བ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁོ་ལོན་པོ་ནས་ཟླ་1ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ལྕགས་བྱི་ལོའི་དཔྱིད་གསར་དུས་ཆེན་འཆར་བའི་མཚམས་སུ་ཀྲུང་གོའི་མི་རིགས་རོལ་དབྱངས་འདུ་ཚོགས་ཚེས་14ཉིན་གྱི་དགོང་མོ་སི་རི་ལན་ཁའི་ལྷོ་རྒྱུད་ཀྱི་ཧན་པན་ཐོ་ཐཱ་གྲུ་ཁའི་མཚོ་ཐོག་སྐྱེལ་འདྲེན་ལྟེ་གནས་ཀྱི་ཚོགས་ཁང་དུ་གཉེར་བ་དང་། སི་རི་ལན་ཁར་ལས་ཀ་བྱེད་བཞིན་པའི་ཀྲུང་གོ་བར་ལོ་གསར་གྱི་རྣམ་པ་ཟབ་མོ་ཚོར་ཡོད།

ཧན་པན་ཐོ་ཐཱ་རྒྱལ་སྤྱིའི་གྲུ་ཁ་ཚོགས་པ་དང་དེ་བཞིན་སི་རི་ལན་ཁའི་ལྷོ་རྒྱུད་ས་ཁུལ་གྱི་ཀྲུང་གོ་མ་འཇོག་ཁེ་ལས་ཀྱི་ལས་མི་དང་། ས་གནས་ཀྱི་སྲིད་འཛིན་ལས་རིགས་ཀྱི་མི་སྣ། སྐུ་མགྲོན་བཅས་ཀྱིས་མཉམ་དུ་ལྟད་མོ་བལྟས་པ་རེད།

དགའ་སྤྲོ་འཁོལ་བའི་རྣམ་པའི་ཁྲོད་འཁྲབ་སྟོན་འགོ་ཚུགས་པ་དང་། པི་ཝང་རྟ་མགོ་མ་དང་། གླིང་བུ། པི་ཝང་རྒྱུད་གཉིས་མ། བརྒྱངས་དཀྲོལ། སྒྲ་སྙན་བཅས་ཀྲུང་གོའི་མི་རིགས་རོལ་ཆ་རེས་མོས་ཀྱིས་དཀྲོལ་གཏོང་བྱས་པ་རེད། ཧྲན་ཏུང་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་ཟློས་གར་ལ་ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ་པ་དང་། གྲངས་ཉུང་མི་རིགས་ཀྱི་ཞབས་བྲོ་ངོ་མཚར་ཆེ་བར་ས་གནས་ས་ཐོག་གི་ལྟད་མོ་བས་དགའ་བསུ་ཡང་ཡང་ཞུས་པ་རེད།

སི་རི་ལན་ཁར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་རིག་གནས་ཚན་ཙན་ལིའུ་ཏུང་གིས། འཁྲབ་སྟོན་གྱིས་ཀྲུང་ཧྭའི་རིག་གནས་བརྒྱུད་བསྒྲགས་དང་ཀྲུང་སི་མི་དམངས་དབར་གྱི་མཛའ་གྲོགས་སྤེལ་རེས་ལ་སྐུལ་འདེད་གཏོང་ཆེད་ལས་སྟེགས་གལ་ཆེན་བསྐྲུན་ཡོད་པ་མ་ཟད། རིག་གནས་སྤེལ་རེས་བྱེད་སྒོས་ཀྲུང་སིའི་དབར་གྱི་མཛའ་གྲོགས་མཉམ་ལས་དང་སྲོལ་རྒྱུན་མཛའ་གྲོགས་སྔར་བས་ཟབ་ཏུ་འགྲོ་རེ་ཡོད་ཅེས་བརྗོད་པ་རེད། (བསོད་ནམས་དཔའ་མོས་བསྒྱུར། བདེ་སྒྲོལ་གྱིས་ཞུས)