《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月17日

《ཀྲེ་ཅང་གི་གཏམ་གསར》གྱི་ཀློག་པ་པོའི་སྤེལ་རེས་ཚོགས་འདུ་ཅེ་ཁེར་འཚོགས་པ།

ཤིན་ཧྭ་གསར་འགྱུར་ཁང་ཕུ་རག་ནས་ཟླ་1ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན།《ཀྲེ་ཅང་གི་གཏམ་གསར》གྱི་ཀློག་པ་པོའི་སྤེལ་རེས་ཚོགས་འདུ་ཅེ་ཁེའི་རྒྱལ་ས་ཕུ་རག་ཏུ་འཚོགས་པ་རེད།

ཅེ་ཁེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་གནས་སྐབས་ཚབ་གཉེར་ཀྲང་མའོ་མིང་གིས་ཤིས་ཚིག་སྒྲོན་སྐབས།《ཀྲེ་ཅང་གི་གཏམ་གསར》དབྱིན་ཇི་དང་། ཧྥ་རན་སི། སེ་ཕེན། འཇར་མན། རི་པིན་བཅས་རྒྱལ་ཁབ་ཀྱི་ཡི་གེར་ཕབ་བསྒྱུར་ནས་དཔེ་སྐྲུན་བྱས་པ་དེས། ཕྱི་རྒྱལ་གྱི་གྲོགས་པོ་སྔར་ལས་མང་བས་ཀྲུང་གོ་གུང་ཁྲན་ཏང་གི་སྲིད་སྐྱོང་གི་འདུ་ཤེས་དང་། ཀྲུང་གོའི་འགོ་ཁྲིད་མི་སྣའི་རྒྱལ་སྐྱོང་གི་མཛད་ཇུས། ཆབ་སྲིད་ཀྱི་བློ་གྲོས་བཅས་ཤེས་རྟོགས་ཐུབ་ཆེད། སྐར་ཁུང་གལ་ཆེན་གསར་པ་ཞིག་ཕྱེ་ཡོད་ཅེས་བརྗོད་པ་རེད།

ཀྲུང་གོ་དང་ཅེ་ཁེའི་ཀློག་པ་པོ་40ལྷག་ཙམ་གྱིས་སྤེལ་རེས་ཚོགས་འདུར་དཔེ་ཀློག་མྱོང་ཚོར་བརྗོད་པ་རེད། ཅེ་ཁེ་ཨེ་ཤེ་ཡ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཤིས་མ་དང་ཅེ་ཁེ—ཀྲུང་གོ་དཔལ་འབྱོར་མཉམ་ལས་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཁོ་ཝ་ཆི་སོགས་ཅེ་ཁེ་ཕྱོགས་ཀྱི་མི་སྣས་ཀྲུང་གོར་ཡོང་བའི་བརྒྱུད་རིམ་དང་ཀྲུང་གོར་ཤེས་རྟོགས་ཐུབ་ལུགས་བརྗོད་པ་རེད།

《ཀྲེ་ཅང་གི་གཏམ་གསར》ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲེ་ཅང་ཞིང་ཆེན་གྱི་འགོ་ཁྲིད་གཙོ་བོའི་འགན་བཞེས་རིང་། ཞིང་ཆེན་ས་ཁོངས་རིམ་ངོས་སུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པར་རིགས་པའི་གཞུང་ལུགས་ཀྱི་འཚོལ་ཞིབ་དང་ལག་ལེན་གྱི་གསར་གཏོད་བྱས་པ་ཞིག་ཡིན་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ཞིབ་འཇུག་བྱེད་པའི་ཚད་ལྡན་ཡིག་ཆ་གལ་ཆེན་ཞིག་རེད། དེབ་འདི་2007ལོའི་ཟླ་8པར་དཔེ་སྐྲུན་ཐེངས་དང་པོ་བྱས་པ་དང་། 2013ལོའི་ཟླ་11པར་བསྐྱར་དུ་དཔར་བཏབ་ཅིང་། རྒྱལ་ཁབ་ཕྱི་ནང་དུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཡོད་པ་རེད།

(དཀོན་སྒྲོལ་གྱིས་བསྒྱུར། པ་ཚེས་ཞུས)