《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月13日

“ལྟེ་བའི་རིན་ཐང་ལྟ་བའི་འཆད་ཁྲིད་བརྒྱའི”བྱེད་སྒོ་ཐེངས་100པ་རྒྱལ་སའི་དཔེ་མཛོད་ཁང་དུ་སྤེལ་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དྲིལ་བསྒྲགས་སློབ་གསོ་ཅུས་དང་འོད་ཟེར་ཉིན་རེའི་ཚགས་པར་ཁང་གིས་མཉམ་དུ་གཙོ་གཉེར་བྱས་པའི“ལྟེ་བའི་རིན་ཐང་ལྟ་བའི་འཆད་ཁྲིད་བརྒྱའི”བྱེད་སྒོ་ཐེངས་100པ་ཚེས་10ཉིན་རྒྱལ་སའི་དཔེ་མཛོད་ཁང་དུ་སྤེལ་བ་རེད། ཀྲུང་གོ་མི་ཆོས་སློབ་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་ཀྲེ་ཅང་དགེ་འོས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་མཚན་འཛིན་ཡོན་ཀྲང་ལི་ཅན་ཧྭ་ཡིས་འགོ་བརྗོད་དུ《སྔོན་ཐོན་དཔེ་བཟང་ལ་བརྟེན་ནས་དུས་རབས་ཀྱི་རིན་ཐང་འཛིན་ཕྱོགས་གསལ་པོ་འཛུགས་དགོས》ཞེས་འཁོད་པའི་གཏམ་བཤད་བྱས་པ་དང་འབྲེལ། སྤྱི་ཚོགས་མི་ཆོས་སྒྲིག་ལམ་དང་སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་སོགས་འབྲེལ་ཡོད་གླེང་གཞིའི་ཐད་ནས་ལྟད་མོ་བ་དང་དྲ་གྲོགས་དབར་སྤེལ་རེས་མཉམ་འགུལ་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་པེ་ཅིང་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་འོད་ཟེར་དྲ་བས་གཙོ་གཉེར་བྱས་པ་དང་། འོད་ཟེར་དྲ་བ་དང་འོད་ཟེར་ཉིན་རེའི་ཚགས་པར་གྱི་དུད་སྣེས་བྱེད་སྒོ་ཐད་གཏོང་བྱས་པ་རེད། ས་ཆ་དངོས་སུ་འཆད་ཁྲིད་ཉན་པར་ཡོང་མཁན་ལས་བྱེད་པ་དང་མང་ཚོགས་270ལྷག་ཙམ་བྱུང་བ་དང་། རྒྱལ་ཡོངས་ཀྱི་ས་ཆ་ཁག་གི་དྲ་གྲོགས་ཁྲི་293ཙམ་གྱིས་ལེ་ཚན་བལྟས་པ། དྲ་གྲོགས་ཁྲི་18.3དཔོད་ཕྲན་དང་གླེང་སྟེགས་སོགས་བརྒྱུད་ནས་སྤེལ་རེས་མཉམ་འགུལ་ལ་ཞུགས་ཡོད།

(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། དམ་ཆོས་མི་ཕམ་གྱིས་ཞུས)