《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月13日

རྒྱལ་ཡོངས་ཀྱི་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུའི་སྔོན་ཐོན་དཔེ་མཚོན“100བཞི”ཡི་དྲིལ་བསྒྲགས་འོས་འདེམས་བྱེད་སྒོ་བྱས་རྗེས་འགྲེམས་སྟོན་དང་འདེམས་ཤོག་འཕེན་པའི་དུས་མཚམས་སུ་སླེབས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་དང་བླངས་ཞབས་ཞུའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མིའི་འཐུས་མིའི་ཚོགས་ཆེན་སྐབས་གཉིས་པར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་ལག་བསྟར་དོན་འཁྱོལ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་བཅས་བྱ་ཆེད། ཉེ་ཆར། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་ཤེས་དཔལ་གཞུང་ལས་ཁང་སོགས་སྡེ་ཚན་བཅུ་བཞི་ཡིས་སྒྲིག་འཛུགས་བྱས་ནས་སྤེལ་བའི་2019ལོའི་རྒྱལ་ཡོངས་ཀྱི་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུའི་སྔོན་ཐོན་དཔེ་མཚོན“100བཞི”ཡི་དྲིལ་བསྒྲགས་འོས་འདེམས་བྱེད་སྒོ་བྱས་རྗེས་འགྲེམས་སྟོན་དང་འདེམས་ཤོག་འཕེན་པའི་དུས་མཚམས་སུ་སླེབས་པ་དང་། རྒྱ་ཆེའི་མང་ཚོགས་ཚོས་ཀྲུང་གོ་ཤེས་དཔལ་དྲ་བ་དང་། མི་དམངས་དྲ་བ། ཤིན་ཧྭ་དྲ་བ། འོད་ཟེར་དྲ་བ། ཀྲུང་དབྱང་བརྙན་འཕྲིན་དྲ་བ། དེ་བཞིན“ཤེས་དཔལ་ཀྲུང་གོ”ཞེས་པའི་ལག་ཐོགས་ཁ་པར་གྱི་དུད་སྣེ་བརྒྱུད་སྔོན་ཐོན་དཔེ་མཚོན་གྱི་བྱས་རྗེས་འགྲེམས་སྟོན་ལ་བལྟས་ནས་དང་བླངས་པའི་བྱམས་སེམས་དང་དྲང་བདེན་གྱི་བྱ་སྤྱོད་ཚོར་བར་བྱ་ཆོག་པ་མ་ཟད། སེམས་གཏིང་གི་དང་བླངས་པ་མཛེས་ཤོས་དང་། དང་བླངས་ཞབས་ཞུའི་རྩ་འཛུགས་ཡག་ཤོས། དང་བླངས་ཞབས་ཞུའི་རྣམ་གྲངས་ཡག་ཤོས། དང་བླངས་ཞབས་ཞུའི་སྡེ་ཁུལ་ཡག་ཤོས་བཅས་ལ་རྩ་ཆེའི་འདེམས་ཤོག་འཕེན་ཆོག་གི་ཡོད།

དྲིལ་བསྒྲགས་འོས་འདེམས་བྱེད་སྒོ་2019ལོའི་ཟླ་10པར་འགོ་བཙུགས་ཚུན། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་རིམ་པ་བཞིན་སྒྲིག་འཛུགས་སྐུལ་སློང་དང་ཇུས་འགོད་ལག་བསྟར་ནན་ཏན་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་དང་གཞི་རིམ་གྱི་འཐབ་ས་དང་པོར་གཞི་བཙུགས་ཏེ་གཙོ་རྒྱུན་རིན་ཐང་གི་དྲང་ནུས་ལྡན་པ་དང་། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཆེ་བ། མང་ཚོགས་ཀྱི་ཁས་ལེན་དང་བསྔགས་བརྗོད་ཐོབ་པ་བཅས་ཀྱི་དཔེ་མཚོན“མཛེས་ཤོས་དང་ཡག་ཤོས”ཁག་གཅིག་བདམས་ཡོད། ཁོ་ཚོའི་སྔོན་ཐོན་བྱས་རྗེས་ལས་ལེགས་སྐྱེས་དང་། མཛའ་བརྩེ། རོགས་རེས། ཡར་ཐོན་བཅས་ཀྱི་དང་བླངས་པའི་སྙིང་སྟོབས་གང་ལེགས་མངོན་པ་མ་ཟད། ཕུགས་བསམ་དད་སེམས་དང་། གཅེས་སེམས་བྱམས་བརྩེ། འགན་འཁྲི་འཁུར་སེམས་བཅས་ཀྱང་གང་ལེགས་མངོན་ཡོད། འགྲེམས་སྟོན་དང་འདེམས་ཤོག་འཕེན་མཇུག་འགྲིལ་རྗེས། བྱེད་སྒོ་སྒྲིག་འཛུགས་ཨུ་ལྷན་གཞུང་ལས་ཁང་གིས་ཞིབ་དཔྱད་ཨུ་ཡོན་ལྷན་ཁང་ལ་འདེམས་ཤོག་འཕེན་དུ་བཅུག་ནས་སྔོན་ཐོན་དཔེ་མཚོན་གྱི་མིང་ཐོ་གཏན་འཁེལ་བྱ་རྒྱུ་ཡིན་པ་རེད།

(ཚེ་སྒྲོལ་གྱིས་བསྒྱུར། གནམ་ཕྱུག་རྒྱལ་གྱིས་ཞུས)